ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་གྱི་ཞོག་ཁོག་རྟེན་གཞི་ལ་ལོ་ལེགས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

108cde4b-83f9-4008-a782-b37004bbc0e2.jpg

282c99f7-3d27-4062-868b-d17d54aa9d39_batchwm.jpg

1.jpg

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ9བའི་ཚེས21ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་རུ་གནས་པའི་བདེ་ཆེན་ཁུལ་ཞིང་ལས་ཚན་རིག་ཁང་གི2020ལོའི་ཞོག་ཁོག་ལྗང་མདོག་སྤུས་ལེགས་ནུས་མཐོའི་དཔེ་སྟོན་རྟེན་གཞིར་ཡུལ་དངོས་སུ་ཐོན་འབབ་ཚད་ལེན་ཞིབ་བཤེར་རྩིས་ལེན་དང་འཕྲུལ་ཆས་ཅན་གྱི་གྲུབ་འབྲས་ཐོབ་པ་དང་། བདེ་ཆེན་ཁུལ་རིམ་པའི་ཆེད་མཁས་མི་སྣའི་ཚོགས་ཆུང་གིས་ཡུལ་དངོས་སུ་ཐོན་འབབ་ཚོད་རྩིས་བྱས་པ་བརྒྱུད་མུའུ600ཡི་ལྟེ་བའི་དཔེ་སྟོན་ཁུལ་དུ་མུའུ་རེའི་ཞོག་ཁོག་ཆ་སྙོམས་ཐོན་ཚད་སྤྱི་རྒྱ2410.28ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་སོན་བཟང་བགོ་སྤྲོད་དང་། ནད་འབུའི་གནོད་པ་མཉམ་འགོག་མཉམ་བཅོས། འདེབས་གསོའི་ལག་རྩལ་སྣ་ཚོགས་ལག་བསྟར་བརྒྱུད་ཞོག་ཁོག་ཐོན་ལས་ཀྱི“ལྷུ་ཚིགས་ཧྲིལ་པོའི”ལྗང་མདོག་ནུས་ཆེའི་འདེབས་གསོ་བྱས་ཤིང་། དེ་དང་ཆབས་ཅིག་ཏུ་དཔེ་སྟོན་ཁུལ་ནང་མ་དངུལ་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་གི་འགག་རྩའི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་དང་། ཞིང་ལས་འཕྲུལ་ཆས་གཞི་རྟེན་དུ་བྱས་ཏེ་ལྗང་མདོག་གི་སྤུས་ཚད་མཐོ་ཞིང་ནུས་བ་ལྡན་པའི་ལག་རྩལ་དཔེ་དབྱིབས་ཕྱོགས་བསྡུས་ཀྱིས་ཁྱབ་གདལ་བཏང་བ་མ་ཟད། རྫས་འགྱུར་ལུད་དང་ཞིང་སྨན་སྤྱོད་ཚད་ཇེ་ཉུང་དུ་བཏང་ནས་ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་རེད། 

ལྗང་མདོག་སྐྱེ་ཁམས་ཁྲིད་ཕྱོགས་སུ་བཟུང་ནས་ས་དཔྱད་རྫས་སྦྱོར་ལུད་འཇོག་ལག་རྩལ་ཁྱབ་གདལ་གཏོང་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ། ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་དང་ཆེད་ལས་ཅན་གྱི་གཅིག་གྱུར་སྔོན་འགོག་དང་དབང་སྒྱུར་ཞབས་ཞུ་ཐད་སྐུལ་འདེད་བཏང་ནས་ནད་འབུའི་གནོད་པ་ཚབས་ཆེན་ཕྱོགས་བསྡུས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱས་ཤིང་། “ཚན་ཞིབ་ལས་ཁུངས+ཁྱབ་གདལ་སྡེ་ཚན+སྣེ་འདྲེན་ཁེ་ལས+མཉམ་ལས་ཁང+དཔེ་སྟོན་རྟེན་གཞི+ཞིང་ཁྱིམ”བཅས་ཟུང་འབྲེལ་གྱི་བྱེད་སྟངས་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་བཙུགས་པ་དང་ཐོན་ལས་མཉམ་འདྲེས་ཀྱི་རྣམ་པ་བཏོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།