ཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དོན་གྲུབ་ཀྱིས་གྲོང་ཚོ་“ཕྱུག་འགྱུར”བཏང་བའི་ངོ་མཚར་བའི་གཏམ་རྒྱུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསོད་ནམས་དོན་གྲུབ་ནི། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་འབའ་ལྷག་དཀར་གྲོང་ཚོའི་ཡིན་ཞིང་། སེམས་ཀྱི་ཉི་ཟླ་གྲོག་རོང་ཆེ་མོའི་འབབ་ལྷག་དཀར་རྫོང་གི་མཛེས་ལྗོངས་ཁུལ་གསར་སྤེལ་བྱེད་མཁན་ཡིན་ལ། མིང་ཏུ་གྲགས་པའི་ཞིང་པ་ལས་སྒོ་གསར་གཏོད་པ་དང་ཡུལ་མི་ཚོའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན།

འབབ་ལྷག་དཀར་གྲོང་ཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་འབའ་ལྷག་དཀར་རྫོང་གངས་རིའི་འདབ་ཏུ་ཆགས་ཡོད། སྔོན་ཆད་གློག་དང་ལམ་མེད་ལ། འཕྲིན་ཡང་འབྱོར་དཀའ་བ་བཅས་ཀྱི་རྐྱེན་གྱིས་འཇིག་རྟེན་ཕྱི་རོལ་དང་ཁ་བྲལ་བའི་གྲོག་རོང་དུ་ལྷག་ཡོད།

བསོད་ནམས་དོན་གྲུབ་ལོ13ལ་སོན་རྗེས་ཕྱིར་ལས་བཏོད་དུ་སོང་ནས། མ་རྩ་ཁྲི་སྟོང་མང་པོ་གསོག་འཇོག་བྱས་རྗེས་ཐོག་མའི་བསམ་འདུན་མ་བརྗེད་པར་བློ་ཐག་རྦད་ཆོད་ཀྱིས་ཕ་ཡུལ་དུ་ལོག་ནས་གཞུང་ལམ་ལས་འགོ་བརྩམས། ཁོང་གིས་རང་ནུས་ཡོད་རྒུ་བཏོན་ཡང་གཞུང་ལམ་ལས་པའི་མ་དངུལ་མི་འདང་བའི་གནས་ཚུལ་འོག གྲངས་ཉུང་ཡིད་རྟོན་དངུལ་བུན་ཀུང་སི་དང་གཉེན་ཉེ། གྲོགས་པོ་སོགས་བཙལ་ནས་དངུལ་གཡར་བ་མ་ཟད། ད་དུང་ལོ་མང་གཉེར་བའི་བཟའ་བཏུང་ཁེ་ལས་དང་ལྕགས་རིགས་འཕྲུལ་ཆས་སྒོ་བསྟེན་ཚོང་ཁང་དང་དེ་བཞིན་རང་ཉིད་ཀྱི་ཁང་པ་དང་རླངས་འཁོར་སོགས་ཀྱང་བཙོངས། གཞུང་ལམ་ལས་བའི་ལོ་དེ་དག་གི་རིང་། ཁོ་ནི་མ་རྩ་ཁྲི་སྟོང་ཡོད་པའི་ཕྱུག་བདག་ནས་“བུ་ལོན་དུང་ཕྱུར་འཁུར་བའི་དབུལ་བོ་རུ་གྱུར་ནའང་། མཇུག་མཐར་ཁོས་མ་དངུལ་སྒོར་དུང་ཕྱུར8.5བཏང་རྗེས། གཡང་གཟར་གྱི་བྲག་རི་རྟོལ་ནས་ཕ་ཡུལ་ལ་ཞེང་ཚད་ལ་སྨི6.5དང་རིང་ཚད་ལ་སྤྱི་ལེ58ཡོད་པའི་སྣུམ་ནག་གཞུང་ལམ་འཛུགས་སྐྲུན་བྱས་ཏེ། ཕ་ཡུལ་གྱི་ཡུལ་མི་རྣམས་རི་ཁུལ་ནས་ཕྱིར་བསྐྱོད་དེ་ཕུགས་འདུན་མངོན་འགྱུར་འབྱུང་བར་རོགས་འདེགས་བྱས། 

གཞུང་ལམ་ལས་རྗེས། ཁོས་ཡང་བསྐྱར་སྒོར་མོ་གྲབས་གསོག་བྱས་ཏེ། འབའ་ལྷག་དཀར་གྲོང་ཚོའི་གློག་སྤྱོད་གནད་དོན་ཐག་གཅོད་བྱས། 2008ལོར་“ཤར་གཏོང་གསུམ་”མངོན་འགྱུར་བྱུང་བ་རེད། གློག་ཤར་གཏོང་ཐུབ་པ་དང་། ལམ་ཤར་གཏོང་ཐུབ་པ། འཕྲིན་ཤར་གཏོང་ཐུབ་པ་བཅས་ཀྱིས། དེ་སྔོན་གྱི་འབྲེལ་ཐག་ཆད་པའི་འབའ་ལྷག་དཀར་གྲོང་ཚོའི་གནས་ཚུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བཏང་བ་རེད། 2008ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ་གྲོང་མི་ཚོས་གླུ་ལེན་གར་རྩེད་ཀྱིས་བསོད་ནམས་དོན་གྲུབ་ལ་དྲི་མེད་ཁ་བཏགས་འཐེན་ནས་བཀའ་དྲིན་མཚོན་པར་བྱས།

བསོད་ནམས་དོན་གྲུབ་ཀྱིས་རྒྱུན་དུ “ཉ་སྟེར་བ་ལས་ཉ་འཛིན་སྟངས་ཁྲིད་པས་དགའ”ཟེར་བ་བཞིན། འབའ་ལྷག་དཀར་གྲོང་ཚོའི་དབུལ་ཕོངས་རྗེས་ལུས་ཀྱི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བསོད་ནམས་དོན་གྲུབ་ཀྱིས་སླར་ཡང་མ་དངུལ་སྒོར་དུང་ཕྱུར16ཙམ་བཏང་ནས། སེམས་ཀྱི་ཉི་ཟླའི་འབའ་ལྷག་དཀར་རྫོང་རྒྱལ་ཁབA4རིམ་པའི་མཛེས་ལྗོངས་ཁུལ་འཛུགས་བསྐྲུན་བྱས་ནས། གྲོང་མི་རྣམས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་པའི་ཐབས་ལམ་མང་པོར་བརྟེན་ནས་ཡོངས་འབབ་འཕར་སྣོན་ལ་འབད་པ་བྱས་ཤིང་། མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས500ལྷག་ཙམ་ལ་ལས་ཞུགས་དང་དབུལ་སྐྱོར་གནད་དོན་ཐག་གཅོད་བྱས་པས། ཡུལ་མི་ཚོ་ཡུལ་སྐོར་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུར་རོགས་རམ་བྱས་པ་རེད། ད་ལྟ་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཉིས་སྟོང་སུམ་སྟོང་ནས་སྒོར་ཁྲི་བཅུ་ལྷག་ཙམ་བར་འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།