ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

108cde4b-83f9-4008-a782-b37004bbc0e2.jpg

282c99f7-3d27-4062-868b-d17d54aa9d39_batchwm.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།    ཟླ9བའི་ཚེས10ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གིས་བྱ་དགའ+རིག་རྩལ་འཁྲབ་སྟོན་བཅས་ཀྱི་རྣམ་པའི་སྒོ་ནས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་སློབ་གྲྭ་ཡོངས་ཀྱི་སློབ་གསོའི་ལས་དོན་མི་སྣར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

  བྱ་འགུལ་ཁྲོད་ཁུལ་རིམ་པ་དང་སློབ་གྲྭ་རིམ་པའི་ཆེས་མཛེས་པའི་དགེ་རྒན་དང་། 2019ལོ་དང2020ལོའི་མཐོ་རྒྱུགས་ཀྱི་ཕུལ་བྱུང་དགེ་རྒན། ཕུལ་བྱུང་སློབ་དཔྱོད་ཁང་གི་འགོ་འཛིན། ཕུལ་བྱུང་སློབ་ཁྲིད་གྲ་སྒྲིག་ཙུའུ་ཀྲང་། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་ཐོན་ལས་དོན་པ། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ་དང་སྔོན་ཐོན་སློབ་གསོའི་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས།

  བྱ་འགུལ་སྤེལ་ཡུལ་དུ་དགེ་རྒན་དང་སློབ་མའི་འཐུས་མིས་ད་དུང་རྒྱ་ཆེའི་དགེ་སློབ་ཚོར་ངོ་མཚར་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ཏེ་དགེ་རྒན་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།