ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་རིམ་བྱུང་གི་སེམས་ཀྱི་ཉི་ཟླའི་དགུན་གྱི་རྒྱལ་སྤྱིའི་འདབ་ཆགས་ལ་ལྟ་བའི་དུས་ཆེན་གྱི་གྲུབ་འབྲས་འགྲེམས་སྟོན་དངོས་སུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1599614848730703.jpg

ཀྲུང་གོ་བོད་ཀྱི་དྲ་འི་འཕྲིན། ཟླ9པའི་ཚེས་8ཉིན་གྱི་སྔ་དྲོར། 2019ལོའི་སྐབས་བཞི་པའི་སེམས་ཀྱི་ཉི་ཟླའི་དགུན་གྱི་རྒྱལ་སྤྱིའི་འདབ་ཆགས་ལ་ལྟ་བའི་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་དང་། སྐབས་རིམ་བྱུང་གི་སེམས་ཀྱི་ཉི་ཟླའི་དགུན་གྱི་རྒྱལ་སྤྱིའི་འདབ་ཆགས་ལ་ལྟ་བའི་དུས་ཆེན་གྱི་གྲུབ་འབྲས། ཁུལ་མི་རིགས་ལུས་རྩལ་ཁང་གི་ཐོག་བརྩེགས་གཉིས་པར་དངོས་སུ་འགྲེམ་སྟོན་བྱས། ཐེངས་འདིའི་འགྲེམས་སྟོན་དུས་ཚོད་ནི་ཟླ9པའི་ཚེས8ཉིན་ནས་ཚེས12ཉིན་བར་ཡིན་པ་དང་། སྐབས་རིམ་བྱུང་གི་འདབ་ཆགས་ལ་ལྟ་བའི་དུས་ཆེན་གྱི་ངོ་མཚར་ཆེ་བའི་བརྩམས་ཆོས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་དང་འདབ་ཆགས་ཀྱི་རིགས་ལ་དགའ་མཁན་རྣམས་འགྲེམ་སྟོན་ཁང་དུ་ལྟ་སྐོར་ལ་ཕྱིན་ཆོག

1599614854679749.jpg

ཤེས་རྟོགས་བྱུང་བ་ལྟར་ན། 2016ལོར་སེམས་ཀྱི་ཉི་ཟླའི་དགུན་གྱི་རྒྱལ་སྤྱིའི་འདབ་ཆགས་ལ་ལྟ་བའི་དུས་ཆེན་ཚོགས་པ་ནས་བཟུང་། དེ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སྐབས་དང་པོའི་དགུན་དུས་འདབ་ཆགས་ལ་ལྟ་བའི་དུས་ཆེན་སྟེང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་དཔེ་དབྱིབས་གསར་པ་འཚོལ་ཞིབ་ཐུབ་པ་བྱས། སྐབས་དང་པོའི་དགུན་དུས་འདབ་ཆགས་ལ་ལྟ་བའི་དུས་ཆེན་རིང་། རྒྱལ་ཁབ་ཕྱི་ནང་གི་འདབ་ཆགས་ཞིབ་འཇུག་ཆེད་མཁས་པ་དང་། དེ་བཞིན་སྐུ་མགྲོན32བྱ་རིགས་འགྲན་བསྡུར་ནང་ཞུགས་པར་གདན་དྲངས་ནས་དཔྱད་བརྗོད་གནང་ལ། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཚོགས་པ15འདབ་ཆགས་ལ་ལྟ་བའི་འགྲན་སྡུར་ནང་ཞུགས་པར་གདན་ཞུ་བྱས། བྱེད་སྒོའི་འགྲན་བསྡུར་བྱེད་གནས་ཀྱི་པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་དང་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན14ལ་ཕྱིན་པ་རེད། དུས་ཡུན་ཉིན4ཡི་སྐབས་དང་པོའི་སེམས་ཀྱི་ཉི་ཟླའི་དགུན་གྱི་རྒྱལ་སྤྱིའི་འདབ་ཆགས་ལ་ལྟ་བའི་དུས་ཆེན་ནང་འགྲན་ཞུགས་རུ་ཁག15ཡིས་འདབ་ཆགས་རིགས152ལ་ལྟ་ཞིབ་ཚད་ལེན་ཐུབ་པ་བྱས། 

1599614859856514.jpg

སྐབས་བཞི་པའི་བྱེད་སྒོ་སྤེལ་བ་བརྒྱུད། སེམས་ཀྱི་ཉི་ཟླའི་དགུན་གྱི་ས་བབ་མཐོ་བའི་འདབ་ཆགས་རིགས་ཀྱི་དགུན་སྐྱེལ་བའི་གནས་ཚུལ་དང་། འདབ་ཆགས་རིགས་ཁྱབ་ཚུལ་གཞི་རྩའི་ཆ་ནས་ཤེས་རྟོགས་བྱས་པ་དང་། བྱེད་སྒོ་སྤེལ་བའི་རིང་འདབ་ཆགས་རིགས254ཟིན་ཐོར་བཀོད་ནས། སེམས་ཀྱི་ཉི་ཟླའི་ལྟེ་བའི་སྐྱེ་ཁམས་ཐོན་ཁུངས་དང་། དེ་བཞིན་ཉེ་འཁོར་ས་ཁོངས་ལ་དམིགས་ནས་འདབ་ཆགས་ཀྱི་སྐྱེ་ཁམས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཁག་ལྔ་ཇུས་འགོད་བྱས། ཤམ་བྷ་ལའི་དགུན་གྱི་རྒྱལ་སྤྱིའི་འདབ་ཆགས་དུས་ཆེན་རྒྱལ་ཁའི་ངང་གཉེར་བར་བརྟེན། སེམས་ཀྱི་ཉི་ཟླའི་ས་ཁུལ་གྱི་སྤུས་ལེགས་སྐྱེ་ཁམས་ཁོར་ཡུག་དང་བྱ་རིགས་ཀྱི་ཐོན་ཁུངས་དེ་ཆེད་ལས་ཅན་གྱིས་འདབ་ཆགས་ལ་ལྟ་བ་ནས་རྒྱལ་ནང་གི་འདབ་ཆགས་ཆེད་ལས་ཞིབ་འཇུག་ཚོགས་པ་བཅུ་ཕྲག་ཁ་ཤས་ལ་ཁྱབ་པར་བྱས་ཡོད། རྒྱལ་ནང་གི་འདབ་ཆགས་ལ་ལྟ་བའི་ཆེད་ལས་ཚོགས་པའི་ནང་ཁོངས་ལ་ཁྱད་ཆོས་ལྡན་པའི་ཆེད་ལས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་འཇུག་པ་དང་། རྒྱལ་སྤྱིའི་ཚོགས་པ་གདན་འདྲེན་ཞུས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་མཆེད་པར་བྱེད་པ། སེམས་ཀྱི་ཉི་ཟླ་ས་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་ཁྱབ་གདལ་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་པར་བྱས་ནས། འདབ་ཆགས་ལ་ལྟ་བའི་དུས་ཆེན་གྱི་དྲིལ་བསྒྲགས་སྐུལ་ཁྲིད་ཀྱི་ཕན་འབྲས་དེ་སེམས་ཀྱི་ཉི་ཟླ་ནས་མགོ་བརྩམས་ནས་རྒྱ་ཆེ་བའི་ས་ཁུལ་གཞན་དག་ལ་ཁྱབ་གདལ་གཏོང་རྒྱུ་རེད། །

1599614864947695.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།