​སེམས་ཀྱི་ཉི་ཟླའི་མི་རིགས་དམངས་ཁྲོད་གླུ་གར་འཁྲབ་སྟོན་རྒྱུན་རྣམ་ཅན་དུ་གྱུར་བ།

1.jpg

2.jpg

108cde4b-83f9-4008-a782-b37004bbc0e2.jpg

282c99f7-3d27-4062-868b-d17d54aa9d39_batchwm.jpg

W020200728315791423229.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཟླ་མཇུག་ནས་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་མི་རིགས་ཀྱི་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འཁྲབ་སྟོན་བྱ་འགུལ་རིམ་བཞིན་སྤེལ་བ་རེད།

   བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཕུལ་བྱུང་མི་རིགས་དམངས་ཁྲོད་གླུ་གར་རིག་གནས་རྒྱུན་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། གྲོང་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། སེམས་ཀྱི་ཉི་ཟླའི་སྣ་མང་མི་རིགས་རིག་གནས་ཕྱི་ལ་ངོམ་པའི་ཆེད། བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས2018ལོའི་ཟླ6པ་ནས་བཟུང་གདོད་མའི་མི་རིགས་ཀྱི་དམངས་ཁྲོད་གླུ་གར་འཁྲབ་སྟོན་བྱེད་འགོ་ཚུགས་ཏེ། ཐོག་མར་ཅན་ཐང་སྐོར་བྲོ་དང་བོད་རིགས་འབའ་གཞས་གཉིས་ཀྱི་འཁྲབ་སྟོན་རུ་ཁག་མ་གཏོགས་མེད་ཀྱང་། བྱ་འགུལ་དེར་ས་གནས་མི་རིགས་སོ་སོའི་མང་ཚོགས་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པས།  རྗེས་སུ་ལི་སུའུ་རིགས་དང་། འཇང་རིགས། དབྱིས་རིགས་བཅས་ཚུད་པའི་འགྲེམས་འཁྲབ་རུ་ཁག10རུ་འཕེལ་རྒྱས་བྱུང་ནས་འཁྲབ་སྟོན་རུ་ཁག་གིས་ཟླ་རེར་དགོང་མོ3ལ་འཁྲབ་སྟོན་བྱས་པས་སེམས་ཀྱི་ཉི་ཟླའི་མི་རིགས་དམངས་ཁྲོད་གླུ་གར་འཁྲབ་སྟོན་རྒྱུན་རྣམ་ཅན་དུ་གྱུར་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།