ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་གནང་སྐབས་སུ་པོ་ཏ་མཚོ་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི18ལྷག་ཙམ་སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ད་ལོའི་དབྱར་གནང་སླེབས་པའི་ཚུན། སེམས་ཀྱི་ཉི་ཟླ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་བ་ཆེས་མང་བའི་མཛེས་ལྗོངས་ཁུལ་དུ་གྱུར་ནས་ཉིན་རེར་ཡུལ་སྐོར་བ་མི་ཐེངས6000ཡན་ལ་སྣེ་ལེན་བྱས་ཤིང་། དབྱར་གནང་རིང་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི18ལས་བརྒལ་ཡོད་ལ། མཛེས་ལྗོངས་ཁུལ་གྱིས་ད་དུང་རྒྱུན་རྣམ་ཅན་གྱི་བླང་བྱ་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ཡག་པོ་བསྒྲུབས་ནས། ཡུལ་སྐོར་བས“བདེ་ཐང་ཨང་རྟགས”འཁྱེར་ནས་མཛེས་ལྗོངས་ཁུལ་དུ་འགྲོ་བ་དང་། ཁ་ཐུམ་རྒྱག་པ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་སྲུང་བ་བཅས་བྱས་ནས་ཡུལ་སྐོར་བའི་བདེ་འཇགས་ལ་ཁག་ཐེག་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།