ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་བདེ་ཐང་གཉེན་སྒྲིག་བུ་བཙའི་ལྟ་བ་སྐྱེད་སྲིང་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། བདེ་ཆེན་ཁུལ་གྱིས་བདེ་ཐང་གཉེན་སྒྲིག་བུ་བཙའི་ལྟ་བ་སྐྱེད་སྲིང་བྱེད་པའི་ཆེད་དོན་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས་པ་རེད། ཁུལ་ཏང་ཨུའི་རྒྱུན་ཨུ་དང་། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁུང་ཝེས་ཧྭ་མཛད་སྒོའི་སྟེང་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

བདེ་ཐང་གཉེན་སྒྲིག་བུ་བཙའི་ལྟ་བ་སྐྱེད་སྲིང་བྱེད་པའི་ཆེད་དོན་བྱ་འགུལ་ནི་དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་མཐོར་འདེགས་དང་སྲ་བརྟན་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་འཆམ་མཐུན་དང་དཔལ་ཡོན་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་དང་། དེ་བཞིན་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཉིན་རེ་བཞིན་མཐོ་རུ་འགྲོ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད། བྱ་འགུལ་ནང་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆེད་དོན་བྱ་འགུལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དུས་ཐོག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། སློབ་གསོ་དང་བློ་སྟོན། དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད། གཉེན་སྒྲིག་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས་ཁྲིམས་ལྟར་བདེ་ཐང་དང་། དཔལ་ཡོན། གྲོན་ཆུང་། འདྲ་མཉམ། འཆམ་མཐུན་བཅས་ཀྱི་བདེ་ཐང་གཉེན་སྒྲིག་བུ་བཙའི་དར་སྲོལ་གསར་པ་སྐྱེད་སྲིང་བྱེད་དགོས་པའི་བླང་བྱ་བཏོན།

བྱ་འགུལ་ནང་ནན་གྱིས་བསྟན་དོན། བདེ་ཐང་གཉེན་སྒྲིག་བུ་བཙའི་ལྟ་བ་སྐྱེད་སྲིང་བྱེད་པའི་ཆེད་དོན་བྱ་འགུལ་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ། ཡུན་རིང་བའི་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་པའི་བྱ་འགུལ་ཞིག་ཡིན། དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ཅིང་ཕྱོགས་སོ་སོར་ཤུགས་རྐྱེན་ཐེབས་པའི་ལས་དོན་ཞིག་ཀྱང་ཡིན། ཆེད་དོན་བྱ་འགུལ་བཟང་པོ་སྤེལ་རྒྱུ་ནི་ཏང་སྲིད་འགོ་ཁྲིད་ཀྱི་མཐོང་ཆེན་དང་སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས་དང་ཁ་འབྲལ་ཐབས་མེད། རིམ་པ་ཁག་གི་ཏང་སྲིད་ཀྱི་“གཙོ་འགན་འཁུར་མཁན་”གྱིས་སྤྱིའི་འགན་འཁུར་བ་དང་། ཁ་ཕྱོགས་བསྒྱུར་བ། དཀའ་གནད་སེལ་བ་བཅས་བྱས་ནས། དངོས་སུ་ལས་དོན་གལ་ཆེན་ལ་བཀོད་སྒྲིག་དང་གནད་དོན་གལ་ཆེན་ལ་འདྲི་རྟོག་བྱེད་པ། གཙོ་གནད་ལྷུ་ཚིགས་ལ་མཐུན་སྦྱོར་བྱས་ནས་གལ་ཆེའི་དོན་གནད་ལ་ལྟ་སྐུལ་བྱེད་པ་དང་། ལས་བགོས་འགན་གཉེར་འགོ་ཁྲིད་རིམ་པ་ཁག་གིས་རང་འགུལ་ངང་དམ་འཛིན། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིབ་ཕྲའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ནས་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཟང་པོ་བྱས་ཏེ་བྱེད་སྒོའི་འགྲོ་གྲོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པ་མ་ཟད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རིམ་མཉམ་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག གཞོགས་འདེགས་ཧུར་ཐག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཐོན་ཁུངས་ཀྱི་སྟོབས་ཤུགས་ལུགས་མཐུན་ངང་སྤྱི་འདོམས་དང་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལེགས་ཆ་གསབ་རེས་བྱེད་དགོས་ལ། ལེགས་འགྲུབ་བྱུང་བའི་བྱེད་སྟངས་དང་དཔེ་མཚོན་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་བ། ལས་ཀའི་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་རང་འགན་རང་སྒྲུབ་དང་། ལས་བགོས་མཉམ་སྒྲུབ། མཉམ་འཛིན་སྤྱི་སྒྲུབ། ཁྱོན་ཡོངས་སྐུལ་འདེད་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།