ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་ཁའི་ནགས་ཕག་མཚོའི་མཛེས་ཉམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ནགས་ཕག་མཚོའི་སྟོན་ཁའི་མཛེས་ཉམས།

2.jpg

གཉེན་སྒྲིག་གི་པར་ལེན་བཞིན་པའི་བག་གསར།

108cde4b-83f9-4008-a782-b37004bbc0e2.jpg

རྟ་སྒ་ལེན་བཞིན་པའི་གྲོང་མི་ཞིག

ddda03cf-54d9-493e-bbe2-6f8dfb4eaa71_batchwm.jpg

རྟ་ཞོན་བཞིན་པའི་ཡུལ་སྐོར་པ་ཚོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སྒང་གི་སྟོན་ཁ་སྔ་མོ་ནས་སླེབས་པ་དང་བསྟུན་སྟོན་རླུང་ལྡང་ནས་གང་སར་གསེར་མདོག་གིས་ཁེངས་ཡོད་པ་དང་། གངས་རིའི་གྲུབ་གཟུགས་དེ་མཚོ་ངོས་སུ་འཆར་ལ། ནོར་ནག་དང་རྟ། ལུག་ཁྱུ་བཅས་དལ་གྱིས་མཚེའུ་འགྲམ་གྱི་རྩྭ་ཐང་དུ་སྐྱོད་ཅིང་། གནས་སྤོས་ནས་འོངས་པའི་སྐྱར་མོ་དང་ངང་བ་རྣམས་ཀྱིས་དགའ་སྤྲོའི་ངང་མཚེའུ་འགྲམ་དུ་རྒུམ་བུ་འཐུ་ཞིང་། སྐབས་འགར་ད་དུང་དུས་བྱ་གཞན་དག་ཆུ་ངོས་སུ་རྐྱལ་བཞིན་ཡོད། མཚེའུ་འགྲམ་གྱི་རྟ་བས་རྟ་སྒ་ལེན་པར་གྲ་སྒྲིག་བྱེད་པ་དང་། ས་ཆ་གཞན་ནས་ཡོང་བའི་མག་གསར་དང་བག་གསར་གྱིས་གཉེན་སྒྲིག་གི་པར་ལེན་བཞིན་ཡོད། ཡང་བྱིས་པ་ཚོ་མཛེས་ལྗོངས་ཁྲོད་དུ་འཛུམ་དམུལ་དམུལ་བྱེད་བཞིན་ཡོད་ལ། གནས་གཞན་ནས་ཐོན་པའི་ཡུལ་སྐོར་བ་དག་གིས་དབྱར་གནང་དང་བསྟུན་ནས་ཕྲུ་གུ་འཁྲིད་དེ་རྟ་ཞོན་ནས་མཛེས་ལྗོངས་རོལ་མྱོང་བྱེད་པ་རེད། དེ་ཡོད་ཚད་ནི་ཐུན་མིན་གྱི་ནགས་ཕག་མཚོའི་མཛེས་ཉམས་སུ་གྲུབ། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།