ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་གྲྭ་ཆུང་འབྲིང་ཉེ་འཁོར་གྱི་ཐ་མག་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སློབ་གྲྭ་ཆུང་འབྲིང་ཉེ་འཁོར་གྱི་ཐ་མག་ཁྲོམ་ར་བཅོས་སྒྲིག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ས་གནས་ཁོངས་གཏོགས་ཁུལ་གྱི་ཐ་མག་སིལ་ཚོང་ཁང་ལ་ནར་མ་སོན་པའི་མི་ལ་ཐ་མག་བཙོང་མི་ཆོག་པའི་འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་དང་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

ཐེངས་འདིའི་ཆེད་དོན་ཞིབ་བཤེར་ཁྲོད། ཁྲིམས་འཛིན་མི་སྣས་སློབ་གྲྭའི་ཉེ་འཁོར་གྱི་ཐ་མག་སིལ་ཚོང་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་སུ་“ནར་མ་སོན་པའི་མི་ལ་ཐ་མག་བཙོང་མི་ཆོག་པ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཐ་མག་འཐེན་མི་ཆོག་”ཅེས་པའི་དྲན་སྐུལ་ཡི་གེ་སྦྱར་བ་མ་ཟད། ཚོང་གཉེར་མཁན་གྱིས་ནར་མ་སོན་པའི་མི་ལ་ཐ་མག་བཙོང་མི་ཆོག་པའི་བསླབ་བྱ་བཏང་བ་དང་། ཚོང་གཉེར་མཁན་གྱིས་ཚོང་ཟོག་བླངས་བའི་རྩིས་ཁྲ་དང་དཔང་ཡིག འཛིན་ཡིག་སོགས་ལེན་པའི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

ཐེངས་འདིའི་ཆེད་དོན་བཅོས་སྒྲིག་གིས་ཁོངས་གཏོགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཉེ་འཁོར་གྱི་ཐ་མག་སིལ་ཚོང་ཁང47ལ་དྲིལ་བསྒྲགས་བྱས་པ་དང་། ཚོང་ཟོག་བླངས་བའི་རྩིས་ཐོ་དང་དེ་བཞིན་དཔང་ཡིག་དང་འཛིན་བྱང་སོགས་ཀྱི་འགྲོ་ལུགས་སྒྲུབ་མེད་པའི་ཚོང་ཁང་སྐོར་ཞིག་ལ་བཅོས་སྒྲིག་བྱེད་དགོས་པའི་བརྡ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།