ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་ཡིས་ནུས་ཤུགས་ཡོད་རྒུས་བདེ་ཐང་གྲོང་ཁྱེར་གཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལ་སྐུལ་འདེད་བྱེད་པའི“ཆེད་དོན་བྱ་སྤྱོད7”གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ཞིང་། རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བདེ་ཐང་གི་སེམས་ཀྱི་ཉི་ཟླ་སྐྲུན་པ་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་ཕན་འབྲས་ཐོབ་པར་འགན་ལེན་བྱས།

  ཆེད་དོན་བྱ་སྤྱོད་ཀྱི་ལས་དོན་ཐད་ཕན་འབྲས་ཐོབ་པར་འགན་ལེན་བྱ་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཨུ་ཧྲུའུ་ཅི་དང་ཧྲི་ཀྲང་གཉིས་ཀྱིས་ཙུའུ་ཀྲང་གི་གཙོ་འགན་ཁུར་བ་དང་། ས་གནས་སོ་སོ་དང་སྡེ་ཚན་སོ་སོའི་འགོ་ཁྲིད་གཙོ་བོ་དག་ཁོངས་མི་བྱས་ནས་རྒྱལ་གཅེས་འཕྲོད་བསྟེན་གྱི“ཆེད་དོན་བྱ་སྤྱོད7”ལ་སྐུལ་འདེད་བྱེད་པའི་ལས་དོན་གྱི་འགོ་ཁྲིད་རྩ་འཛུགས་བཙུགས་པ་རེད།  གཞན་ད་དུང་འགོ་ཁྲིད་ཚོགས་ཆུང་དེའི་འོག་ཏུ་གཞུང་ལས་ཁང་དང་ལས་དོན་ཚོགས་ཆུང9བཙུགས་ནས་ལས་ཀ་གསལ་བོར་བགོས་ཞིང་འགན་ཁུར་དོན་འཁྱོལ་བཅས་བྱས་ཡོད། འགོ་ཁྲིད་ཚོགས་ཆུང་གིས་རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་དང་། གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག  ཤང(གྲོང་རྡལ)སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོའི་ལས་ཀ་དོན་འཁྱོལ་ཡོང་བར་མཐུན་སྦྱོར་སྐུལ་འདེད་བཏང་ནས། ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བརྒྱུད་རྒྱལ་ཁབ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་བགོས་པའི་ལས་དོན་གཞན་དག་ལེགས་སྒྲུབ་བྱས་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།