ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཤར་ཐང་སྨད་གྲོང་དུ་མེ་ཏོག་མཛེས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པར་སླེབས་དུས།  ཐང་སྨད་གྲོང་དུ་ཉི་མ་མེ་ཏོག་དང་ལུག་མིག་མེ་ཏོག   འཇིབ་རྩི།  ཡུས་མེ་རེན་སོགས་མེ་ཏོག་སྣ་ཚོགས་མཛེས་སྡུག་ཚོན་མདངས་བཀྲ་བས་ལྷ་ཡུལ་གྱི་ཞིང་ཁམས་ཞིག་དང་གཉིས་སུ་མ་མཆིས།

ཐང་སྨད་གྲོང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་དང་ལེ་བར་40ཡི་ལམ་ཐག་ཡོད་པ་དང་།  ས་གནས་དེ་གའི་ཉི་ཤར་རྫ་ནག་དང་ཉི་ཤར་བྱམས་གླུ་ནི་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པ་རེད།  ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་མང་ཚོགས་ཀྱིས་ལྗོངས་ལྟ་ཞིང་ལས་བཞེངས་སྐྲུན་བྱས་ཏེ་ཞིང་ཁར་མེ་ཏོག་སྣ་ཚོགས་འདེབས་འཛུགས་བྱས་ནས་མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་རྒྱང་རིང་གི་མགྲོན་པོ་བསུ་བཞིན་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།