ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་ལ་ཞིང་ཆེན་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1རག་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ་2པའི་ཚེས་26ཉིན།  ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་《མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་བསམ་འཆར》གཏོང་སྟེ་ཡུན་ནན་གྱིས་ལོ་3གྱི་འབད་བརྩོན་བརྒྱུད་ཞིང་ཆེན་ཡོངས་སུ་ཁྱད་ཆོས་མངོན་གསལ་དོད་པ་དང་ནུས་པ་འཐུས་སྒོ་ཚང་བ། སྣོད་བཅུད་མཛེས་ཤིང་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་ཁག་གཅིག་བཞེངས་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས།

ཉེ་སྔོན།  ཡུན་ནན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་ནས་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མིང་བཏགས་པའི་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་20ལ་ཞིང་ཆེན་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་20གཤམ་སྤྲོད་བྱས་པ་དང་།  མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་རེར་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1རག་པ།    

སྒོར་མོ་དེ་གང་འདྲ་སྤྱོད་དགོས་ཟེར་ན། ཞིང་ཆེན་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་གྱིས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གཙང་མ་དང་། སྡོད་ཁང་། ཁྱད་ལྡན་བཅས་དམིགས་འབེན་གྱི་བླང་བྱ་ཆེན་པོ་གསུམ་ལ་དམིགས། གཙོ་བོ་སྤྱི་པའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ལས་གཞིར་སྤྱོད་དགོས།ཞན་ཆ་དང་ཞན་ཆ་མགྱོགས་མྱུར་གསབ་པ་དང་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་དེ་དམངས་སེམས་འདུ་འགོད་དང་དམངས་འཚོའི་འདུ་འགོད་ལ་བརྩིས་ནས་སྐུལ་འདེད་ཏན་ཏིག་བཏང་རྒྱུ།    

ཡུན་ནན་གྱིས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་དོན་ཅི་ཡིན་ཞེ་ན། རྫོང་མཁར་ནི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཨང་དང་པོ་ཡིན་ལ། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན། གྲོང་ཁྱེར་ཆེ་འབྲིང་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས། རྒྱ་ཆེའི་གྲོང་གསེབ་བཅས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་གལ་ཆེན་ཞིག་ཀྱང་ཡིན།

མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་ཡུན་ནན་གྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་དམག་བརྩོན་ལེན་བྱེད་པ། ཀྲུང་གོའི་མཛེས་སྡུག་ལྡན་པའི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་བཅས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།