ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཚད་གཞི་ཡང་བསྐྱར་ཇེ་མཐོར་བཏང་སྟེ་ལས་འཁྱུར་ངལ་གསོ་མི་སྣ་ཁྲི180ལྷག་ལ་ཁེ་ཕན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཉེ་ལམ《2020ལོའི་ལས་འཁྱུར་ངལ་གསོ་མི་སྣས་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར》འགྲེམ་གཏོང་བྱས་ཏེ། 2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། སྤྱིའི་འཕར་ཚད5%ལ་སླེབས་ཡོད་དེ། ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་ཁྲི180.48ལ་ཁེ་ཕན་ཐོབ་ཡོད།

མིག་སྔར་ས་གནས་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྡེ་ཁག་གིས་རྩ་འཛུགས་དང་ལག་བསྟར་བྱ་བར་དམ་འཛིན་བྱས་ཏེ། ཟླ7པའི་ཟླ་མཇུག་སྔོན་དུ་ཐེངས་འདིའི་ལེགས་སྒྲིག་བྱས་ནས་ཇེ་མང་དུ་བཏང་བའི་གཞི་རྩའི་རྒན་གསོ་དངུལ་ལས་འཁྱུར་ངལ་གསོ་མི་སྣའི་ལག་ཏུ་སྤྲོད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོ་ནི་ཡུན་ནན་ཞིང་ཆེན་གྱིས་བསྟུད་མར་ཐེངས16ལ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་བྱས་པ་ཡིན་ཞིང་། ལོ་ལྔའི་རིང་ལ་ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་ལེགས་སྒྲིག་བྱས་པའང་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།