ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མཐོར་གཏོང་ལས་གཞི་ལག་བསྟར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མཐོར་གཏོང་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་བཏང་ནས། ལོ་སྟོད་དུ་མ་དངུལ་སྒོར་ཁྲི617བཏང་ནས་དམངས་འཚོའི་ལས་གཞི་དང་བྱ་བ་དངོས་ཀྱི་ལས་གཞི་དེ་ལེགས་སྒྲུབ་ཧུར་ཐག་བྱས།

 སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་དོན་དེ་དམངས་ཆེད་ལས་དོན་དངོས་སྒྲུབ་པའི་ནང་དོན་གལ་ཆེན་དུ་བརྩིས་ནས་འགོ་ཁྲིད་གཙོ་བོས་དངོས་སུ་འཛིན་པ་དང་། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་བྱེ་བྲག་ཏུ་འཛིན་པ། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་དང་། གྲོང་ཚོ(གཞིས་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། འགན་ལེན་ལས་བྱེད་པས་བྱེ་བྲག་ཏུ་འཛིན་པ་བཅས་ཀྱི་ལམ་སྲོལ་བཙུགས་པ་རེད།

 སྣ་མང་ཅན་གྱི་ཆུ་མཁོ་འདོན་ལམ་སྲོལ་འཚོལ་ཞིབ་བྱས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་ཏེ་ཐུན་མོང་དང་། ཁྱིམ་ཚང་མཉམ་འབྲེལ། ཁྱིམ་ཚང་རེ་རེར་ཆུ་མཁོ་འདོན་བཅས་བྱས་ཏེ་ཁ་གསབ་ཆ་སྒྲིག་ཡག་པོས་ལས་གཞི་ཡུན་རིང་ནུས་ལྡན་དང་ཞིང་བ་མང་ཚོགས་ལ་ཕན་ཐོགས་རྒྱུ་འགན་ལེན་བྱས། ལས་གཞི་ལག་བསྟར་བྱེད་རིང་རྗེས་སྙེག་ཞིབ་བཤེར་དང་། ལག་རྩལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། ཨར་ལས་ཀྱི་མྱུར་ཚད་ལ་སྐུལ་འདེད་བཏང་བ། འཛུགས་སྐྲུན་གྱི་གོ་རིམ་ཚད་ལྡན་ནན་པོ་བཟོ་བ། འཛུགས་སྐྲུན་གྱི་སྤུས་ཚད་དོན་འཁྱོལ་བཅས་བྱས་ནས་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་ཡོང་བའི་འགན་ལེན་ཡང་བྱས།

 གཞན་ལས་གཞིའི་འཁོར་སྐྱོད་དོ་དམ་སྲུང་སྐྱོང་གི་ཡུན་ཕན་ལམ་སྲོལ་དེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོ་རུ་གཏོང་བའི་གཙོ་གནད་ལས་དོན་ཞིག་ཏུ་བཟུང་ནས། ཆུ་ཁུངས་སྲུང་སྐྱོང་དང་ཆུའི་སྤུས་ཚད་འགན་སྲུང་བྱེད་ཤུགས་ཇེ་ཆེར་དང་། གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་དང་འཕྲོད་བསྟེན་རྒྱུན་ཤེས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། མང་ཚོགས་དུས་མཇུག་གི་དོ་དམ་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་ཧུར་ཐག་དང་། སྤྱི་ཚོགས་ལས་རིགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་སྒོས་འཐུང་ཆུ་བདེ་འཇགས་ཡོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ལ། མང་ཚོགས་ཀྱི་ཆུ་གྲོན་ཆུང་དང་། ཆུ་སྲུང་བ། ཆུ་ལ་དགའ་བ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་ལ་ཡུན་རིང་ཕན་འབྲས་ཐོན་པའི་འགན་བླངས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།