ཀྲུང་གོ་བོད་ཀྱི་དྲ་བ།

བེ་ཤ་ལ་བརྟེན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས17ཉིན་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི“བེ་ཤའི་ཕ་ཡུལ”སྐད་ཚགས་ཀྱི་སྐབས་གཉིས་པའི་བེ་ཤ་འཐོག་པའི་དུས་ཆེན་དང་བེ་ཤའི་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་དུ་འཚོགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བས་སྐད་ཚགས་ཀྱི་སྣོད་བཅུད་ཀྱི་མཛེས་སྡུག་དང་བོད་ཀྱི་རིག་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱངས་པ་རེད། ཚོང་ཆུང200ལྷག་ཙམ་གྱིས་དྲ་ཐོག་ནས་བེ་ཤ་ཕྱིར་འཚོང་བྱེད་བཞིན་ཡོད།“བེ་ཤ་འཐོག་པའི་མྱོང་རོལ་+ཞིང་དུད+དྲ་ཐོག་ཚོང་ཁང(ཐད་གཏོང་འོས་སྦྱོར)+གྲོང་གསེབ་ཡུལ་སྐོར”བཅས་ཀྱི་རྣམ་པ་བརྒྱུད་དེ། སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་དུས་ཚིགས་འདི་བསུས་པ་རེད།  

བྱེད་སྒོ་སྤེལ་རིང་སེམས་ཀྱི་ཉི་ཟླའི་བེ་ཤ་ཡུལ་སྐོར་ལམ་ཐིག་དང་། སྐད་ཚགས་ཤང་གི་གྲོང་གསེབ་ཡུལ་སྐོར་ལམ་ཐིག བོད་ཀྱི་རིག་གནས་འོས་སྦྱོར་བཅས་བཀོད་སྒྲིག་བྱས་ལ། དེ་མིན་བེ་ཤ་འཐོག་པ་དང་བེ་ཤའི་གསོལ་སྟོན་ལ་རོལ་བ་སོགས་རྣམ་གྲངས་མང་བོ་ཡོད་པ་རེད།    

སྐད་ཚགས་ཤང་གི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3200ཟིན་པ་དང་སྣོད་བཅུད་ཁོར་ཡུག་ཧ་ཅང་བཟང་སྟེ། ནགས་ཚལ་ཁེབས་ཚད87.71%ཟིན་ཡོད་ལ། ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པ་རེད། ནགས་ཁྲོད་དུ་ཤ་མོའི་རིགས་རིགས་བརྒྱ་ལྷག་ཡོད་ཅིང་། “ཤ་མོའི་ནང་གི་རྒྱལ་པོ”སྟེ་བེ་ཤ་མང་ཆེ་བ་གནས་འདིར་ཐོན་བཞིན་ཡོད་པས་ཡུལ་འདིར་ཡང་བེ་ཤའི་ཕ་ཡུལ་དུ་གྲགས་པ་རེད། 2019ལོར་སྐད་ཚགས་ནས་བེ་ཤའི་ཐོན་ཚད་ཏུན840ལྷག་ཙམ་ཟིན་ལ།  2003ལོར། སྐད་ཚགས་ཤང་ལ་ཡུན་ནན་ཞིང་ཆེན་ནགས་ལས་ཐིང་གིས་དངོས་སུ་“བེ་ཤའི་ཕ་ཡུལ”ཞེས་པའི་མཚན་སྙན་གནང་ཞིང་། 2019ལོར་སྐད་ཚགས་ཤང་གི་ཐོན་ཁུལ་བེ་ཤ་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་པས། སྐད་ཚགས་བེ་ཤ་ཁྲོམ་རའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་འཛད་སྤྱོད་པས་ཡིད་ཆེས་བྱེད་པའི་ལྗང་མདོག་ཐོན་རྫས་སུ་གྱུར་ཡོད།

སྔོ་ཐིང་ཐིང་གི་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་བཞད་ཡོད་ལ། དྭངས་ཤིང་གཙང་བའི་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་བཞིན་ཡོད། ནགས་ཚལ་གསེང་དུ་ཡང་བྱ་བྱེའུ་སྣ་ཚོགས་ཀྱིས་མགྲིན་གླུ་ལེན་བཞིན་ཡོད། ཕྱི་དྲོར། དྲ་ཐོག་ཉོ་སྒྲུབ་ཚོགས་པ་ནགས་རིའི་ཕྱོགས་སུ་བསྐྱོད་ཅིང་བེ་ཤ་འཚོལ་བའི་ཡུལ་སྐོར་དུ་ལམ་ཆས་པ་རེད། ཐད་གཏོང་དང་བརྙན་ཐུང་སོགས་ཀྱི་རྣམ་པའི་ཐོག་ནས་ཁོ་ཚོས་རང་ཉིད་ཀྱི་མྱོང་ཚོར་དངོས་བརྙན་མིག་བརྒྱུད་ནས་རྒྱ་ཆེའི་དྲ་གྲོགས་ཚོའི་སྤྱན་ལམ་དུ་ཕུལ་བ་རེད།

བེ་ཤ་ནི་སྐད་ཚགས་ཤང་གི་ཞིང་པའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན། ནགས་ཁྲོད་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་ཆེད། སྐད་ཚགས་ཤང་གིས་ནགས་ཚལ་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། བེ་ཤ་ཐོན་ཁུལ་གྱི་སྲུང་སྐྱོབ་སྲིད་ཇུས་དྲིལ་བསྒྲགས་བྱས་པ་བརྒྱུད། བེ་ཤ་ཐོན་ཡུལ་སྲུང་སྐྱོང་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་བེ་ཤ་ཐོན་ཡུལ་སྲུང་སྐྱོང་བྱེད་ཐབས་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་མིར་གཅུན་སྡོམ་བྱས་ཡོད། བེ་ཤ་སྐྱེ་འཚར་གྱི་ཁོར་ཡུག་ལ་སྲུང་སྐྱོང་བཅས་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད་དེ། གྲོང་མི་ཚོས་ལོ་ལྟར་བེ་ཤ་འཐོག་པ་དང་ཕྱིར་ཚོང་བྱས་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་གྱི་ཡོད།   

ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བེ་ཤ་འཐོག་པའི་དུས་ཆེན་དང་བེ་ཤའི་གསོལ་སྟོན་དུས་ཆེན། བེ་ཤའི་ཡུལ་སྐོར་ལམ་ཐིག་སོགས་ཀྱི་རྣམ་གྲངས་སྐུལ་སྤེལ་བྱས་ལ།  གློག་རྡུལ་ཚོང་དོན་དབུལ་སྐྱོར་དང་ཧྲི་ཀྲང་གཞོན་པའི་ཐད་གཏོང་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་བྱེད་ཐབས་སྤྱད་དེ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས“ཕྱིར་བསྐྱོད་རྒྱུར”སྐུལ་འདེད་ཤུགས་ཆེན་བཏང་ནས“མཛེས་སྡུག་ལྡན་པའི་ཐོན་ཁུངས”དེ་“མཛེས་སྡུག་ལྡན་པའི་དཔལ་འབྱོར”དུ་འགྱུར་རྒྱུར་སྐུལ་འདེད་བཏང་བཞིན་ཡོད་དེ། “གྲོང་གསེབ་དར་རྒྱས་གཏོང་བའི”ས་བོན་སྨྱུ་གུ་འབུས་ཤོང་མེ་ཏོག་བཞད་པ་རེད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།