ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ལྷ་དཀར་རྫོང་གིས་ཡུལ་སྐོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6545351f-b2ad-4a2a-bf67-7ab5635c01b3_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབའ་ལྷ་དཀར་རྫོང་ནི་སེམས་ཀྱི་ཉི་ཟླའི་མཛེས་ཤིང་ལྟ་ན་སྡུག་པའི་ལྗོངས་ཁུལ་མང་པོའི་ཁྲོད་ནས་མི་རིགས་རིག་གནས་ཀྱི་རྔམ་མཐུག་ཅིང་རང་བྱུང་ཁོག་ཡུག་ལྟ་ན་སྡུག་ལ།  ཡུལ་སྐོར་འཕེལ་རྒྱས་ཀྱི་མདུན་ལམ་ཤིན་ཏུ་ཡངས་པའི་ཞིང་མཆོག་ཅིག་ཡིན།  ན་ནིང་འབའ་ལྷ་དཀར་རྫོང་ལྗོངས་ཁུལ་ལ་ཡུན་ནན་ཞིང་ཆེན་གྱི་ཐོག་དང་པོའི་སྒོ་བྱང་བཀལ་ནས་མིང་བཏགས་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་མིང་བྱང་ཐོབ་པ་དང་། ལྗོངས་ཁུལ་འདི་ལ་མཚོན་ན་བརྗིད་ཉམས་ལྡན་པའི་གངས་རི་དང་།   ཕུ་རིང་བའི་གྲོག་རོང་།   གདོད་མའི་ནགས་ཚལ།  ཡངས་པའི་འབྲོག་ར་སོགས་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་མ་བཅོས་ལྷུན་གྱིས་གྲུབ་ཅིང་།བོད་ཀྱི་རིག་གནས་ཀྱི་མྱོང་བ་ཟབ་མོས་ཡུལ་སྐོར་བ་རྣམས་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ལོ་ཕྱེད་རིང་གི་འཛུགས་སྐྲུན་བྱས་པ་བརྒྱུད་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་རྣམ་གྲངས་ཁག་གི་འཕེལ་རིམ་བདེ་ལེགས་ངང་ལེགས་འགྲུབ་བྱུང་ནས་ཡུལ་སྐོར་གྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། 

42c43551-ecc6-48bc-b2cd-1a6ece0a37de_副本.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཁུལ་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་དེ2019ལོའི་ཟླ་10པར་སྒྲིག་ཁོངས་ལེགས་འགྲུབ་བྱུང་པ་དང་འབྲེལ་ཡོད་རྣམ་གྲངས་གཙོ་བོ་ཁག་ལྔར་དབྱེ་ནས་ལག་བསྟར་བྱས་ཡོད།   

1000239a-9669-4637-8383-7b2457278bc8_副本.jpg

གཅིག་ནས་འབའ་ལྷ་དཀར་རྫོང་གྲོང་ཚོའི་གྲོང་མིའི་སྡོད་ཁང་སླར་གསོ་དང་རྣམ་པ་ལེགས་སུ་ཕྱིན་ཡོད། གཏོར་སྐྱོན་ཕོག་པའི་འཛུགས་སྐྲུན་དང་རྗེས་ཤུལ་སླར་གསོ་དང་བསྐྱར་སྐྲུན་བྱས་ཤིང་།  ཐང་ཆེན་དང་། སྔོ་ལྗང་ཅན། རླངས་འཁོར་འཇོག་ས་སོགས་འཐུས་ཚང་དུ་བཏང་ཡོད།   ས་ཁོངས་ནང་གི་འགྲོ་ལམ་དང་།ཆུ། གློག   འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་།  ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད། དེ་བཞིན་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་བཅས་ལེགས་སུ་བཏང་ནས་མིག་སྔར་འབའ་ལྷ་དཀར་རྫོང་གྲོང་ཚོའི་གྲོང་མིའི་སྡོད་ཁང་ཉམས་གསོ་དང་སྒྱུར་བཀོད་སྤྱིའི་ཆ་ནས་ལས་མཇུག་འགྲིལ་ཡོད།  

e8bef126-a100-4931-adbc-f07b76b63b19_副本.jpg

གཉིས་ནས་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་བྱས་ཡོད།   གྲོང་རྡལ་ཆུང་ངུའི་ད་ཡོད་ཀྱི་སྔོ་ཁེབས་ཅུང་གཅིག་རྐྱང་ཡིན་པར་དམིགས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ཞིང་གྲམ་ཐང་སྔོ་འགྱུར་ཅན་དུ་བཏང་ཡོད།  

གསུམ་ནས་བོད་ཀྱི་རིག་གནས་འཛུགས་སྐྲུན་གྱི་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གྲོང་རྡལ་ཆུང་ངུའི་ཉམས་འགྱུར་ཇེ་ལེགས་སུ་བཏང་ཡོད།   ལྗོངས་ཁུལ་དུ་མ་ཎི་རྡོ་འབུམ་བརྩིག་པ་སོགས་བྱས་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གང་ལེགས་ཀྱིས་མངོན་པར་བྱས་ཡོད།

6fd70359-f01b-4071-9274-6b440d9482bd_副本.jpg

བཞི་ནས་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ཡོད།ས་གནས་ཀྱི་བཟའ་བཏུང་རིག་གནས་ཀྱི་སྲོལ་རྒྱུན་སྔོག་འདོན་དང་།   གདང་རིམ་མི་འདྲ་བ་དང་བཟོ་རྩལ་མི་འདྲ་བའི་སིལ་ཟས་སྣ་ཁ་གསར་བཟོ་བྱེད་པར་ཤུགས་བསྣན་ནས་འབའ་ལྷ་གྲོང་ཚོའི་རིག་གནས་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཁྲོམ་གཞུང་ཞིག་བཏོད་ཡོད། བཙོག་ཆུ་གཙང་བཟོའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་རྡལ་ཆུང་ངུའི་ཆུའི་ཁོར་ཡུག་ལ་སྦགས་བཙོག་མི་ཕོག་པའི་འགན་ལེན་བྱས་ཡོད།   དོས་ལམ་ཉམས་གསོ་དང་ཇེ་བརྟན་དུ་བཏང་ནས་གྲོང་ཚོ་སྤྱིའི་རྣམ་པ་མཐུན་སྦྱོར་གཅིག་གྱུར་ཡོང་བ་དང་རྨང་གཞིའི་ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་ཀྱི་རྣམ་པ་འཐུས་ཚང་དུ་བཏང་ཡོད།   འཆར་འགོད་ས་ཁོངས་ནང་གི་སྔར་ཡོད་འགྲོ་ལམ་དང་།ཆར་ཆུའི་མདོང་ལམ། གློག་ཤུགས། མེ་ཟོན། ཡུལ་སྐོར་གསང་སྤྱོད། རླངས་འཁོར་འཇོག་ས། མཚོན་རྟགས་བྱང་བུ་སོགས་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ཀྱི་འཛུགས་སྐྲུན་བྱས་ཡོད། 

ལྔ་ནས་རིག་ནུས་བློ་གྲོས་ཅན་དང་དྲ་བ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་སྒོ་སྲུང་མ་ལག་བསྒྱུར་བཀོད་བྱས་ཡོད།  ལག་ཐོགས་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་བྱེད་ཐུབ་པའི་མ་ལག་བེད་སྤྱད་ནས་4Gལ་བརྟེན་ནས་ཡུལ་སྐོར་གཏིང་ཟབ་བྱེད་ཐུབ་པ་དང་། རིན་མེད་WIFIལྗོངས་ཁུལ་ཡོངས་སུ་ཁྱབ་པ་སོགས་རིག་ལྡན་སྣེ་ཤན་མ་ལག་ལ་བརྟེན་ནས་རིག་ནུས་ཅན་གྱི་དོ་དམ་ཞབས་ཞུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། གོམ་སྟབས་རྗེས་མར་5G+ཉེར་སྤྱོད་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།