ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020200611535459291288.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ6པའི་ཚེས13ཉིན་ནི་རྒྱལ་ཡོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐེངས15པ་ཡིན་པ་རེད། མི་དམངས་མང་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་བས་མཐོ་རུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་པ། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་ཚོད་ལྟའི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡིས་ཟླ6པའི་ཚེས11ནས25ཉིན་བར“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

W020200611535459358318.jpg

ད་ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་དེ་གཙོ་བོ་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཁྱབ་གདལ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སོགས་ལ་དམིགས་ནས་སྤེལ་རྒྱུ་ཡིན་ཞིང་། དུས་མཚུངས་སུ་དྲ་ཐོག་དང་ཡུལ་དངོས་གཉིས་སུ་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། དྲ་ཐོག་བྱེད་སྒོའི་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་སྲུང་སྐྱོང་གི་དྲིལ་བསྒྲགས་འགྲེམས་སྟོན་གཙོ་བོར་བྱ་རྒྱུ་དང་། ཡུལ་དངོས་བྱེད་སྒོའི་སྲོལ་རྒྱུན་གྱི་ལག་རྩལ་འགྲེམས་སྟོན་དང་སྐོར་བྲོ་འགྲེམས་སྟོན་གཙོ་བོར་བྱ་རྒྱུ་རེད། དེས་དམིགས་ཡུལ་ནི་བདེ་ཆེན་ཁུལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་དམིགས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་ཁྱབ་གདལ་བཏང་ནས་རིག་གནས་ཀྱི་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། རིག་གནས་རང་རྟོགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་ཚང་མ་མངོན་མིན་རིག་གནས་ཤུལ་བཞག་ནང་ཞུགས་པ་དང་མི་ཚང་མས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ། བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན།

W020200611535459409957.jpg

སྐབས་དེར། གྲོང་མི་དང་ཡུལ་སྐོར་བས་ཧ་ལས་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་ངོ་མཚར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ཉམས་ལེན་ཐུབ་ལ། རིག་དངོས་དམར་དཔེ་ལ་ལྟ་སྐོར་བཅས་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བར་རིག་གནས་ཤུལ་བཞག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འགུག་ཤུགས་ལ་རོལ་མྱོང་དང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པའི་སྤུས་རྟགས་བཏོད་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།