ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་མི་རིགས་དམངས་ཁྲོད་གླུ་གར་འགྲེམས་སྟོན་འཁྲབ་སྟོན་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

བྱ་འགུལ་ཡུལ་དངོས་ཀྱི་རྣམ་པ།

3.jpg

འཁྲབ་སྟོན་པ་རྣམས་ཀྱིས་བྲོ་འཁྲབ་བཞིན་པ།

5d9be149-8ce7-487b-b510-68b7e434b9a5_batchwm.jpg

ཡུལ་སྐོར་པ་ཞིག་ཀྱང་བྱ་འགུལ་དེའི་ནང་ཞུགས་པ།

QQ截图20200610142008.jpg

སྒྲ་སྙན་གཏོང་བཞིན་པ།

QQ截图20200610142114.jpg

ཡུལ་སྐོར་པ་དང་འཁྲབ་སྟོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ6པའི་ཚེས5ཉིན་གྱི་དགོང་མོར་ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གནའ་གྲོང་ཟླ་འོད་ཐང་ཆེན་དུ་གླུ་ལེན་གར་རྩེ་བྱེད་པ་དང་བསྟུན་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་གཙོ་གཉེར་བྱས་པའི2020ལོའི་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འགྲེམས་སྟོན་འཁྲབ་སྟོན་དངོས་སུ་འགོ་ཚུགས་པ་རེད།

 དབྱར་འགོའི་སེམས་ཀྱི་ཉི་ཟླའི་གནམ་ཟླ་ཅུང་བསིལ་ཡང་། མི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་དམངས་ཁྲོད་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་སྤྲོ་སེམས་ཀྱིས་ཁེངས་ཏེ། འཁྲབ་སྟོན་པ་ཚོས་ལག་ཏུ་དམངས་ཁྲོད་རོལ་ཆས་ཐོགས་ཤིང་བདེ་ལྕག་འཁྱུག་པའི་གར་འགྲོས་དང་བཅས་ས་གནས་མང་ཚོགས་རྣམས་ལ་ངོ་མཚར་ཅན་གྱི་ལྟད་མོ་བསྟན། 

 བདེ་ཆེན་མི་རིགས་ཀྱི་དམངས་ཁྲོད་གླུ་གར་ནི་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་རིང་ལ། ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང་། ཐེངས་འདིའི་འགྲེམས་འཁྲབ་བྱ་འགུལ་སྤེལ་བ་དེས་བདེ་ཆེན་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་གླུ་གར་ལ་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱས་པ་མ་ཟད། བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ཐད་ལའང་སྐུལ་འདེད་བཏང་བས“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པའི་སྤུས་རྟགས་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།