ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་དམིགས་བསལ་སློབ་གསོའི་སློབ་གྲྭ་སྔོན་དཔག་བྱས་ན་ཟླ6པའི་ཚེས10ཉིན་སློབ་འགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འདི་འགར་སེམས་ཀྱི་ཉི་ཟླའི་དམིགས་བསལ་སློབ་གསོའི་སློབ་གྲྭས་བསྟུད་མར་གོ་རིམ་ལྡན་པའི་ངང་སློབ་འགོ་མ་བརྩམ་སྔོན་གྱི་བྱ་བར་གྲ་སྒྲིག་བྱེད་བཞིན་ཡོད། སྔོན་དཔག་བྱས་པ་ལྟར་ན་ཟླ་འདིའི་ཚེས10ཉིན་སློབ་འགོ་རྩོམ་རྒྱུ་རེད།

སེམས་ཀྱི་ཉི་ཟླའི་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད་དང་། སློབ་སྐབས་གསར་པའི་སློབ་འགོ་རྩོམ་པའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས་ཏེ། སློབ་གྲྭས་སྔ་མོ་ནས་བཀོད་སྒྲིག་བཟང་པོ་བྱས་ཏེ། སློབ་འགོ་མ་བརྩམ་སྔོན་གྱི་གྲ་སྒྲིག་ལས་དོན་ཞིབ་ཚགས་ཀྱིས་བསྒྲུབས་པ་དང་། པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་བྱེད་པའི་བྱ་བའི་སྦྱོང་བརྡར་ཐེངས་མང་པོ་བྱས་པ་དང་། སློབ་གྲྭའི་ཕྱོགས་ཡོངས་ལ་དུག་སེལ་བྱས་པ་མ་ཟད། དགེ་རྒན་དང་ལས་སྒྲུབ་མི་སྣའི་འགན་འཁྲི་ལས་བགོས་བྱས་པ་དང་དུས་མཚུངས་སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་པ་སོགས་ཀྱི་སློབ་གྲྭའི་སློབ་ཁྲིད་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཅི་ཐུབ་བྱས་ཡོད་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།