ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བདེ་ཆེན་ཀྲོའུ་ཡི་སྣོད་བཅུད་སྲུང་སྐྱོང་དང་ནགས་ལས་དང་རྩྭ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་6ཚེས་1ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་སུ་ནགས་ལས་དང་རྩྭ་ཐང་ལས་དོན་སྐོར་ལ་བཞུགས་མོལ་སྤེལ་རེས་བྱས་ཤིང་། ཕྱོགས་གཉིས་པོས་བདེ་ཆེན་ཀྲོའུ་ཡི་སྣོད་བཅུད་ནགས་སྲུང་བ་དང་། རིག་ནུས་ནགས་ཚལ་དང་རྩྭ་ཐང་འཛུགས་སྐྲུན། སྣོད་བཅུད་སྲུང་སྐྱོང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་སོགས་ནགས་ལས་དང་རྩྭ་ཐང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་ཞིབ་འཇུག་གྲོས་བསྡུར་དང་བསམ་འཆར་བརྗེ་རེས་བྱས་པ་རེད།

ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས། འདི་ལོ་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྣོད་བཅུད་ནགས་སྲུང་བའི་དམིགས་ཚད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག བདེ་ཆེན་ཀྲོའུ་ཡི་སྣོད་བཅུད་ནགས་སྲུང་བར་གསོ་སྦྱོང་དང་། སྟབས་བདེའི་སྒྲིག་ཆས། མི་ལུས་ཀྱི་ཐོལ་བྱུང་གནོད་འཚེའི་འགན་བཅོལ་སོགས་ཀྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། བདེ་ཆེན་གྱི་སྣོད་བཅུད་དབུལ་སྐྱོར་དང་སྣོད་བཅུད་སྲུང་སྐྱོང་ལ་རོགས་སྐྱོར་བྱ་རྒྱུ་ཡིན། ཞིང་ཆེན་ནགས་ལས་ཀྱི་ཕྱོགས་གཉིས་ཀྱི་ལྟེ་གནས་ཀྱིས་བདེ་ཆེན་ཀྲོའུ་ཡི་རིག་ནུས་ནགས་ཚལ་དང་རྩྭ་ཐང་འཛུགས་སྐྲུན་ལ་ལག་རྩལ་གྱི་འདེགས་སྐྱོར་བྱས་ཏེ། བདེ་ཆེན་ཀྲོའུ་ཡིས་རྣམ་གྲངས་འཛུགས་གཉེར་སོགས་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་འཛུགས་སྐྲུན་གྱི་ཁྱབ་ཁོངས་དང་། གཞི་ཁྱོན། ནང་དོན་སོགས་ལ་སྔར་བས་ཞིབ་འཇུག་བྱ་རྒྱུ་མ་ཟད། བལྟོས་བཅས་ཀྱིས་ཆ་ཚང་བའི་ཁྱབ་གདལ་བཀོལ་སྤྱོད་འགན་སྲུང་བྱེད་ཐབས་མ་ལག་དང་བཀོལ་སྤྱོད་ཕན་འབྲས་དཔྱད་དཔོག་དམིགས་ཚད་མ་ལག་ཆགས་པར་བྱས་ནས་སྔོན་དཔག་གི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

བདེ་ཆེན་ཀྲོའུ་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཞིག་དེ་ཡིན་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་བློ་ཁ་ཕྱོགས་པའི་མི་ཡུལ་གྱི་ཤམ་བྷ་ལ་དང་འཛམ་གླིང་རང་བྱུང་ཤུལ་བཞག་གི“གཙང་གསུམ་མཉམ་རྒྱུག”གི་ལྟེ་བའི་ཁུལ་ཡང་རེད། དུས་ཡུན་རིང་པོའི་ནང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བདེ་ཆེན་ཀྲོའུ་ཡི་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ། ནགས་ལས་རྩྭ་ཐང་གི་རྣམ་གྲངས་དང་མ་དངུལ་ཐད་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་ལྷག་པར་དུ་སྣོད་བཅུད་ནགས་སྲུང་བའི་དམིགས་ཚད་བཀོད་སྒྲིག་ལ་གཟིགས་སྐྱོང་བྱས་པས། བདེ་ཆེན་ཀྲོའུ་ཡི་ནགས་ལས་བྱ་གཞག་ལ་ཡུན་རིང་ཡར་རྒྱས་དང་འཕེལ་རྒྱས་བྱུང་བ་དང་། ཡུན་ནན་ཞིང་ཆེན་དུ་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་པ་ཧུར་ཐག་བྱེད་པ་དང་ཀྲུང་གོའི་ཞིང་ཆེན་མཛེས་ཤོས་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་ཇུས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།