ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས་སྐབས་དྲུག་པའི་སྨན་རི་གངས་རིའི་མཆོད་འབུལ་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐོར་བྲོ་འཁྲབ་བཞིན་པའི་མི་རྣམས།

སྐོར་བྲོ་འཁྲབ་བཞིན་པའི་མི་རྣམས།

སྐོར་བྲོ་འཁྲབ་བཞིན་པའི་མི་རྣམས།

ཞིང་ཆེན་རིམ་པའི་རྒྱུན་འཛིན་པས་ཆོས་འདོན་བཞིན་པ།

མང་ཚོགས་ཀྱིས་མཚོད་རྟེན་ལ་སྐོར་བ་རྒྱག་པ།

བྱ་འགུལ་ཡུལ་དངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས30(བོད་ཟླ་བཞི་བའི་ཚེས་བརྒྱད)ཉིན་ཇོ་བོ་ནམ་མཁའ་བཀྲ་ཤིས་ལྷ་ཁང་ལྗོངས་གཟིགས་སྟེགས་བུ་ཐང་ཆེན་དུ་བདེ་ཆེན་རྫོང་གིས་སྐབས་དྲུག་པའི་སྨན་རི་གངས་རིར་མཆོད་པ་འབུལ་བའི་བྱ་འགུལ་སྤེལ་ཞིང་། གནས་རི་མཆོད་འབུལ་རྣམ་གྲངས་ཀྱི་ཞིང་ཆེན་རིམ་པའི་རྒྱུན་འཛིན་པས་ཆོས་འདོན་པ་དང་། ས་གནས་མང་ཚོགས་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་རྒྱལ་ཁབ་དར་ཞིང་དམངས་ལ་བདེ་སྐྱིད་ལྡན་པ། ཆར་ཆུ་དུས་སུ་འབབ་པ། ལོ་ལེགས་འབྱུང་བ། ཕྱུགས་ལ་གོད་ཁ་མེད་པ། སྐྱེས་ཁམས་དོ་སྙོམས་བཅས་ཡོང་བའི་སྨོན་ལམ་གྱི་སྐོར་བྲོ་འཁྲབ་པས། ཡིད་དུ་འོང་བའི་སྨན་རི་གངས་རིའི་རང་བྱུང་མཛེས་ལྗོངས་དང་སྲོལ་རྒྱུན་གྱི་མཆོད་འབུལ་བྱ་འགུལ་ཕན་ཚུན་འདྲེས་བ་དེ་ནི་དངོས་གནས་ཐུན་མིན་གྱི་ཁྱད་ཆོས་ཞིག་ཏུ་གྱུར་ཡོད། 

 ཤེས་རྟོགས་བྱུང་བར་གཞིགས་ན། “སྨན་རི་གངས་རིའི་མཆོད་འབུལ”དེ2014ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་བཏགས་ལ། ཉེ་བའི་ལོ་ཤས་རིང་བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་འོག་སྨན་རི་གངས་རིའི་མཆོད་འབུལ་བྱ་འགུལ་སྔར་བས་ཚད་ལྡན་དུ་སོང་ནས་རིམ་བཞིན་སྨན་རི་གངས་རིའི་ས་ཁོངས་རིག་གནས་དང་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཀྱི་གཞི་རྟེན་ནུས་ལྡན་ཞིག་ཏུ་གྱུར་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།