ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་བདེ་ཆེན་གྱིས་འདི་ལྟར་དྲུག་གཅིག་བྱིས་པའི་དུས་ཆེན་བསུ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་སུ།གྲོགས་པོ་ཆུང་ཆུང་ཚོས་མཉམ་དུ་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་པའམ་ཡང་ན་ཕ་མ་དང་མཉམ་དུ་སྤྲོ་གསེང་བྱེད་སྒོར་ཞུགས་པ་སོགས་བྱས་ནས་དྲུག་པའི་བྱིས་པའི་དུས་ཆེན་ལ་རོལ་བཞིན་ཡོད།འོན་ཀྱང་།ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་དེའང་དམིགས་བསལ་གྱི་རིམས་ནད་ཅིག་གི་རྐྱེན་པས་དེ་སྔོན་དང་མི་འདྲ་བར་གྱུར་ཡོད།

འབའ་ལུང་རྫོང་བུ་བཅོལ་ཁང་གི་དགེ་རྒན་ཡོངས་ཀྱིས་བྱིས་པ་ཚོར་དྲུག་གཅིག་དུས་ཆེན་མི་འདྲ་བ་ཞིག་རོལ་དུ་འཇུག་པའི་ཆེད་དུ།དགེ་རྒན་གྱིས་སྔ་མོ་ནས་ལེ་ཚན་མང་པོ་ཞིག་བཀོད་སྒྲིག་བྱས། དྲུག་གཅིག་གི་ཉིན་འདིར། རྫོང་བུ་བཅོལ་ཁང་གི་དགེ་རྒན་ཚོས་ཕྲུ་གུ་ཚོར་ལག་བརྡའི་ལུས་རྩལ《ཁྱེད་རང་དགོད་སྐབས་དངོས་གནས་སྙིང་རྗེ་པོ་འདུག》ཅེས་པ་དང་། རལ་པ་ཞབས་བྲོ། གཏམ་བརྗོད་ཟློས་གར་སོགས་འཁྲབ་སྟོན་བྱས་ནས་བརྙན་ཐུང་བཟོས་པས།གྲོགས་པོ་ཆུང་ཆུང་ཚོར་བརྙན་ལམ་བརྒྱུད་ནས་བལྟས་པ་རེད།དགེ་རྒན་རྣམས་གྲོགས་པོ་ཆུང་ཆུང་ཚོའི་གསོན་ཤུགས་རྒྱས་པའི་གར་ཉམས་དང་མེ་ཏོག་ལྟ་བུའི་འཛུམ་མདངས་དང་བསྡུར་ཐབས་མེད་མོད།འོན་ཀྱང་དགེ་རྒན་ཚང་མས་ནུས་ཤུགས་གང་ཡོད་ཀྱིས་གར་གྱི་སྟངས་སྟབས་རེ་རེ་ལེགས་པར་བསྒྲུབ་ནས།དམིགས་བསལ་གྱི་དུས་ཆེན་དེའི་ནང་བྱིས་པ་་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་གི་ཡོད།

ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་སུ། ཡུན་ནན་སྤྱི་ཁྱབ་རུ་ཁག་བདེ་ཆེན་ཡན་ལག་རུ་ཁག་གི་དཔོན་དམག་གིས་ལག་སྐྱེས་འཁྱེར་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ནག་ཆུ་ཐང་སློབ་ཆུང་དུ་སོང་ནས།བྱམས་བརྩེའི་བྱ་འགུལ་སྤེལ་བ་རེད།

དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉིན་འདིར།འཇོལ་རྫོང་གི་སློབ་གྲྭ་ཁག་གིས་སྐོར་བྲོ་དང་རས་པ།ལི་སུའུ་རིགས་ཀྱི་ཞབས་བྲོ་སོགས་འཁྲབ་ནས་དྲུག་གཅིག་དུས་ཆེན་བསུ་བ། མིག་སྔར་རིམས་ནད་འགོག་པའི་རྐྱེན་གྱིས་ད་ལོའི་བྱིས་པའི་དུས་ཆེན་དེ་བཀག་སྡོམ་གྱི་སློབ་གྲྭའི་ནང་སྤེལ་མོད། འོན་ཀྱང་སློབ་གྲྭའི་ག་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་འདུག

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།