རྒྱལ་མོ་རྔུལ་ཆུའི་གྲོག་རོང་གི་མཛེས་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་མོ་རྔུལ་ཆུའི་གྲོག་རོང་ནི་ཡུན་ནན་ནུབ་བྱང་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུ་ཁུལ་གྱི་མངའ་ཁོངས་སུ་གནས་ཤིང་། རྒྱལ་མོ་རྔུལ་ཆུ་ཁུལ་དུ་རིང་ཚད་སྤྱི་ལེ300ལྷག་ཙམ་ཡོད་པ་དང་ཆ་སྙོམས་གཏིང་ཚད་སྨི2000ཟིན་ཡོད། ཆེས་ཟབ་ཤོས་ནི་ཀུང་ཧྲན་ཏུའུ་ལུང་ནུའུ་རིགས་རང་སྐྱོང་རྫོང་པིན་ཀྲུང་ལུའོ་གྲོང་རྡལ་རྒྱུད་ཡིན་ལ་སྨི3500ལ་སླེབས་ཡོད། རྒྱལ་མོ་རྔུལ་ཆུ་ཁུལ་གྱི་རི་མཐོ་ལ་གྲོག་རོང་གཏིང་ཟབ་པ་དང་ཆུ་བོ་ལང་ལོང་དུ་འཕྱུར་ནས་ངར་སྐད་སྒྲོག་བཞིན་པའི་དཔའ་ཉམས་མངོན་ཡོད།

རྒྱལ་མོ་རྔུལ་ཆུའི་གྲོག་རོང་བརྒྱུད་དེ་བྱང་ཕྱོགས་སུ་བསྐྱོད་པའི་ཚེ། 2019ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་རྒྱལ་མོ་རྔུལ་ཆུའི་མཛེས་སྡུག་ལྡན་པའི་གཞུང་ལམ་ནི་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་གྱིས་ཀུང་ཧྲན་དང་། ཧྥུའུ་ཀུང་། ལུའུ་ཧྲུའེ་བཅས་རྫོང(གྲོང་ཁྱེར)3དང་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལམ་བུ་འབའ་ཞིག་དེ་ཡིན་པ་དང་། ལམ་བར་དུ་ཤང་དང་གྲོང་རྡལ17བརྒྱུད་ཡོད་ལ་མི་འབོར་ཁྲི30ལྷག་ཙམ་ལ་ཕན་པ་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།