ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2020ལོའི་སློབ་གསོའི་བྱ་བ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུའི་སློབ་གསོའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས2020ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། 2020ལོའི་ཡུན་ནན་ཞིང་ཆེན་གྱི་སློབ་གསོའི་ཚོགས་ཆེན། 2020ལོའི་ཡུན་ནན་ཞིང་ཆེན་གྱི་དཔྱིད་ཀའི་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན། ཀྲུང་དབྱང་དང་། སློབ་གསོ་པུའུ། དེ་མིན་ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་སྟེང་གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་ཤུགས་ཆེན་བྱེད་པ་དང་། ཁྲིམས་སྐྱོང་སློབ་གསོ་དང་། སྤྱི་དམངས་ཀྱི་འདུ་ཤེས་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་རྒྱུན་མཐུད་ངང་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་སློབ་གྲྭ་དང་། སློབ་ཁང་། བསམ་བློ་བཅས་སུ་སྤེལ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། གཉིས་ནས་རིམ་པ་སོ་སོ་དང་རིགས་ཁག་གི་སློབ་གསོའི་སློབ་གཉེར་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཤིང་། སློབ་ལོ་མ་རན་སྔོན་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་བ་དང་། འོས་འགན་སློབ་གསོ་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། དམིགས་བསལ་སློབ་གསོའི་སློབ་གྲྭ་ལེགས་གཉེར་བཅས་བྱ་དགོས། ཁྲིམས་ལྟར་“སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་”ལམ་སྲོལ་འཛུགས་པ། ལམ་ཐིག་གཉིས་ཀྱི་དམིགས་ཚད་འགན་འཁྲིའི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སློབ་མའི་མཛའ་བརྩེའི་སློབ་གསོ་དང་སེམས་ཁམས་བདེ་ཐང་གི་སློབ་གསོར་མཐོང་ཆེན་བྱེད་དགོས། གསུམ་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དགེ་རྒན་གྱི་ལས་སྒོའི་ནུས་པ་དང་། སྤྱི་སྤྱོད་སྐད་ཡིག ཕྱིར་སྐྱོད་གསོ་སྦྱོང་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་མ་ཟད། གསོ་སྦྱོང་བརྒྱུད་རིམ་གྱི་དོ་དམ་དང་སློབ་མཇུག་སྒྲིལ་བའི་དཔྱད་ཞིབ་ཀྱི་ཕྱོགས་གཉིས་ཀའི་གདེང་འཇོག་ལ་ཤུགས་སྣོན་བརྒྱབ་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། སེམས་ཀྱི་ཉི་ཟླའི་འཕེལ་རྒྱས་ཀྱི་དམིགས་ཚད་ལེགས་ལ་མྱུར་བའི་སྒོ་ནས་མངོན་འགྱུར་ཡོང་ཆེད་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དང་རིག་སྟོབས་ཀྱི་འགན་ལེན་བྱེད་དགོས་པར་བསྟན། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།