ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན་ནི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཡིན་ཞིང་། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་ཁུལ་ཡུལ་སྐོར་ཚོགས་པ་དང་། སྲོང་བཙན་གླིང་མཛེས་ལྗོངས་ཁུལ། འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ། ཧྲི་ཁ་གངས་རིའི་མཛེས་ལྗོངས་ཁུལ་སོགས་ཁུལ་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་གྱི་ཚོང་གཉེར་མི་སྣ་རྩ་འཛུགས་བྱས་ནས་སྟག་མཆོང་འགག་ཏུ་“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། མཛེས་སྡུག་ལྡན་པའི་འཚོ་བབཅས་བརྗོད་བྱ་གཙོ་བོར་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སླེལ་བ་རེད།

བྱེད་སྒོ་སྤེལ་བའི་སྐབས་སུ་ལས་བྱེད་མི་སྣས་ཁ་ཐུམ་རྒྱབ་ནས། ཡུལ་སྐོར་བར་དྲིལ་བསྒྲགས་ལག་དེབ་སྤྲད་དེ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ངོ་སྤྲོད་བྱས་པ་མ་ཟད། ཡུལ་སྐོར་བར་བློ་འདྲིའི་ཞབས་འདེགས་ཀྱང་ཞུས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་བདེ་འཇགས་གོ་རིམ་ལྡན་པ་དང་དཔལ་ཡོན་འཆམ་མཐུན་གྱི་ཡུལ་སྐོར་ཁོར་ཡུག་སྔར་བས་བསྐྲུན་པ་དང་། ཡུལ་སྐོར་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱབ་ནས་ཡུལ་སྐོར་བ་སྔར་བས་མང་བས་བདེ་ཆེན་གྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་ཤེས་རྟོགས་ཐུབ་པ་དང་། བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་རིག་གནས་ཡུལ་སྐོར་དར་རྒྱས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་ཡོང་བར་དོ་སྣང་དང་། ཟབ་ཞུགས། རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་ཏུ་འཇུག་པ་དང་དུས་མཚུངས་སུ། བདེ་ཆེན་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་འཕེལ་རྒྱས་བཏང་སྟེ། བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་འཕེལ་རྒྱས་བཏང་སྟེ། “ཤམ་བྷ་ལའི”སྤུས་རྟགས་ལ་བརྟེན་ནས་སྤུས་རྟགས་ཀྱི་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་སྤུས་རྟགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གོ་ལ་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་བསྟུན་ནས“མངའ་ཁོངས་ཡོངས་ཀྱི་བཀོད་པ་དང་། ཡུལ་ལྗོངས་ཡོངས་ཀྱི་འཆར་འགོད། དུས་ཡོངས་ཇུས་འགོད། དམངས་ཡོངས་མཉམ་ཞུགས། ལས་རིགས་ཡོངས་མཉམ་འགུལ། ས་ཁོངས་ཡོངས་བཅོས་སྐྱོང་”བཅས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་པ་སོགས་ཀྱི་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ5སྤེལ་བ་དང་། བརྗོད་དོན་གཙོ་བོའི་ཡུལ་སྐོར6དང་། སྒེར་འཁོར་གཏོང་བའི་ལམ་ཐིག7 རྐང་ཐང་དུ་སྐྱོད་པའི་ལམ་ཐིག8བཅས་བཏོད་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚིགས9འཛུགས་སྐྲུན་བྱས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་དང་དུས་མཚུངས། བདེ་ཆེན་ཁུལ་གྱི་མཛེས་ལྗོངས་ཁུལ་གྱིས་སྡེ་ཁུལ་སྐྱོང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལས་ཞུགས་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱིས་ཁུལ་ནང་ཁུལ་གྱི་རྒྱ་ཆེའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕན་འབྲས་བཟང་པོ་ཐོབ་པ་བྱས་ཡོད། །  

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།