ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་འབྱུང་རྒྱུ་རེད།

1.jpg

འདི་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཟམ་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་ཡིན།

2.jpg

འདི་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཟམ་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་ཡིན།

3.jpg

འདི་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཟམ་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་ཡིན།

4.jpg

འདི་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཟམ་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་ཡིན།

5.jpg

འདི་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཟམ་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས19ཉིན།  གསར་འགོད་པས་ཀྲུང་གོའི་ལྕགས་ལམ་ཟམ་ཆེན་ཅུའུ་ཚོགས་སྒྲིལ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་རྣམ་གྲངས་སྤྱི་གཉེར་པུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར།  ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་གྱི་གཤམ་འོག་གི་གྲུབ་ཆ་དང་།  ཟམ་པའི་གཡས་གཡོན་གྱི་སྒྲོམ་གཞི་གཙོ་བོ་དང་དེའི་རྨང་གཞི།  ཐག་པ་དང་ཐག་སྒྲོམ་སོགས་ལེགས་འགྲུབ་བྱུང་ཡོད་པ་མ་ཟད།  རྗེས་མར་མུ་མཐུད་དུ་ཐག་དཔྱང་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་པ་དང་།  དཔྱང་ཐག་སྒྲིག་སྦྱོར།  ལྕགས་གདུང་འབྲིང་གྲས་སྒྲིག་སྦྱོར་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་དང་།  སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་འབྱུང་རྒྱུ་རེད།

འབྲི་ཆུའི་ཟམ་ཆེན་ནི་སྟག་མཆོང་འགག་མཛེས་ལྗོངས་ཁུལ་གྱི་སྟག་མཆོང་བྲག་རྡོའི་སྟོད་རྒྱུད་ཀྱི་སྤྱི་ལེ3གྱི་མཚམས་སུ་གནས་ཡོད་པ་དང་། དེ་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གཞི་ཞིག་ཡིན་ལ།  ཟམ་ཆེན་གྱི་རིང་ཚད་ཧྲིལ་བོར་སྨི882.5ཡོད་པ་དང་།  བར་སྣང་གི་རིང་ཚད་ལ་སྨི660ཡོད།  ཟམ་སྒྲོམ་དང་པོའི་མཐོ་ཚད་ལ་སྨི194.5དང་།  ཟམ་སྒྲོམ་གཉིས་པའི་མཐོ་ཚད་ལ་སྨི155.5ཡོད་པས།  དེ་ནི་རྒྱལ་ནང་གི་ཆེས་རིང་བའི་ལྕགས་གདུང་ལྕགས་ལམ་གྱི་དཔྱང་ཟམ་ཐོག་མ་དེ་ཡིན།  །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།