ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་དང་འཇོལ་རྫོང་ལ་དཔེ་སྟོན་ཡུལ་སྐོར་གྱི་མིང་ཐོབ་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཡིག་ཆ་ལྟར་ན། ཉེ་ཆར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་གཉིས་ལ་ཡུན་ནན་ཞིང་ཆེན་གྱི་ཁག་དང་པོའི་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་དངོས་སུ་གཏན་འཁེལ་བྱས་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(ཡུན་ནན་སྲིད་གཞུང་གིས་སྤེལ་བའི〔2018〕ཡིག་ཨང་38པ)གི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་རྒྱུའི་སྐོར་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད།《ཡུན་ནན་ཞིང་ཆེན་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་《ཡུན་ནན་ཞིང་ཆེན་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ངོས་འཛིན་ཚད་ལྡན(ཚོད་ལྟའི་ལག་བསྟར)》གཞིར་བཟུང་ནས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཁག་དང་པོའི་ཞིང་ཆེན་རིམ་པའི་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་ཞིབ་བཤེར་རྩིས་ལེན་ལས་དོན་སྤེལ་བ་རེད།

ས་གནས་ཁག་གིས་ཞིབ་བཤེར་རྩིས་ལེན་རགས་ཙམ་བྱས་པའི་རྨང་གཞིའི་ཐོག  ཕྱོགས་བསྡུས་ཚོགས་འདུའི་དཔྱད་ཞིབ་དང་ཡུལ་དངོས་སུ་ཞིབ་བཤེར་བྱས་འབྲས་བྱས་པ་བརྒྱུད།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ས་དམ་གྲོང་ཁྱེར་གནའ་གྲོང་སོགས་སྡེ་ཚན་21ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་དཔེ་སྟོན་ཁུལ་དུ་ངོས་འཛིན་བྱས་པའི་སྡེ་ཚན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར་རྒྱུན་ཆད་མེད་པར་བསྒྱུར་བཅོས་ཟབ་སྤེལ་དང་།གསར་གཏོད་ལ་བརྟེན་ནས་སྐུལ་འདེད་མགྱོགས་སུ་གཏོང་བ།ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འགྲོ་འོང་གཉིས་ཀ་ཡོད་པའི་དོ་དམ་ལམ་སྲོལ་ལག་བསྟར་བྱས་ནས་དཔེ་སྟོན་ཁུལ་གྱི་བསྐྱར་ཞིབ་ལས་དོན་དུས་ཐོག་ཏུ་སྤེལ་དགོས་ལ།ཁུལ་དང་གྲོང་ཁྱེར་ཁག་གི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་ཁོངས་གཏོགས་དཔེ་སྟོན་ཁུལ་གྱི་རྒྱུན་ལྡན་གྱི་ཞིབ་བཤེར་ཡག་པོ་བྱེད་དགོས་པ་མ་ཟད་བསྐྱར་བཤེར་ལས་དོན་ནང་ཞུགས་དགོས་པར་བསྟན་ཡོད།

ཁག་དང་པོའི་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་རྫོང་དང་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པའི་ཆ་ནས་གཟི་བརྗིད་དང་མཚན་སྙན་འདི་ནི་བདེ་ཆེན་གྱི་བུ་ཕྲུག་ཚོས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ།བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་པའི་རྗེས་ཤུལ་ཞིག་ཀྱང་ཡིན།དུས་རབས་གསར་པར་སྔར་ལས་ལྷག་པར་ངོ་མཚར་ཆེ་བའི་རྒྱང་སྐྱོད་ལམ་གསར་ཁྲོད་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་རྐྱང་ཞིག་ཏུ་སླེབས་པ་ཡང་མཚོན་གྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།