ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ད་ལོའི་མ་བུ་བདེ་ཐང་གི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ5མན་གྱི་བྱིས་པ་ཤི་བའི་རྒྱུ་རྐྱེན་འཚོལ་ཞིབ་དང་དབྱེ་ཞིབ་ནན་ཏན་བྱ་ཆེད། དུས་ལྟར་གཙོ་གནད་བྱ་ཐབས་བཏོན་དེ་ལོ་5མན་གྱི་བྱིས་པ་ཤི་ཚད་ལ་ཚོད་འཛིན་བྱས། ཉེ་ཆར་བདེ་ཆེན་ཁུལ་མ་བུ་བདེ་སྲུང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་ཀྱིས2020ལོའི་མ་བུ་བདེ་སྲུང་ལས་དོན་དང་ལོ5མན་གྱི་བྱིས་པ་ཤི་བའི་དཔྱད་དཔོག་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི2019ལོའི་ལོ5མན་གྱི་བྱིས་པ་ཤི་བའི་ནད་དཔེར་ཞིབ་དཔྱད་བྱས་ཏེ། སྦྲུམ་མས་ཕྲུ་གུ་འཙའ་བའི་དུས་ཀྱི་བདེ་སྲུང་དང་། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་བརྒྱུད་རིམ་སོགས་འབྲེལ་ཡོད་རྒྱུ་རྐྱེན་ལ་རེ་རེ་བཞིན་དབྱེ་ཞིབ་དང་། ཉམས་མྱོང་ཕྱོགས་བསྡོམས། དམིགས་འབེན་ཡོད་པའི་ཐེ་གཏོགས་བྱེད་ཐབས་བཏོན། བདེ་ཆེན་ཁུལ་གྱི་ཉེན་ཡོད་སྦྲུམ་མ་སྐྱོབ་བཅོས་དང་ཉེན་ཡོད་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་བྱས་ནས་བྱིས་ནད་ཚན་ཁག་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ཐད་གྲོས་གཞི་བཏོན་པ་རེད། སྦྲུམ་མ་ཤི་ཚད་དང་བྱིས་པ་ཤི་ཚད་ལ་ནུས་པ་ལྡན་པའི་ཚོད་འཛིན་དང་། མ་བུའི་བདེ་ཐང་ལ་འགན་ལེན་བཅས་བྱས་ཏེ་་མ་བུ་བདེ་སྲུང་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་ད་ལོའི་མ་བུ་བདེ་ཐང་གི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཤིང་། གཞི་རིམ་གྱི་མ་བུ་བདེ་སྲུང་སྒྲིག་གཞི་ཁག་གིས་གཞི་རིམ་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་ལས་དོན་གྱི་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། སྨན་ཁང་སོ་སོའི་བར་དང་སྨན་ཁང་གི་ཚན་ཁག་སོ་སོའི་བར་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ལས་བགོ་བྱེད་ཀྱང་ལས་རིགས་མི་དབྱེ་བར། བྱིས་པར་སེམས་ཁུར་དང་གཅེས་སྐྱོང་ཚད་མཐོན་པོ་བྱེད་པ། གཞི་རིམ་གྱི་བུད་མེད་དང་བྱིས་པའི་འགན་སྲུང་མི་སྣ་འདང་ངེས་བཀོད་སྒྲིག་དང་། དཔྱད་ཞིབ་ཀྱི་ཚད་གཞིར་ནན་ཏན་གྱིས་སློབ་སྦྱོང་། གསོ་སྦྱོང་ལ་ཤུགས་སྣོན་རྒྱབ་ནས་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།