བདེ་ཆེན་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས“ཚད་གཞི་བཞིའི”བསམ་བློའི་སློབ་གསོའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་སྐབས་ཐེངས་དང་པོའི་སློབ་འགོ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། བདེ་ཆེན་ཁུལ་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་དང་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གཉེར་འགན་འཁུར་བའི་བདེ་ཆེན་ཁུལ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས“ཚད་གཞི་བཞིའི”བསམ་བློའི་སློབ་གསོའི་མཐའ་འཁྱོལ་བྱེད་པའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོའི་སློབ་འགོ་བརྩམས། གསོ་སྦྱོང་སྐབས་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་འཁུར་བ་གདན་དྲངས་ནས་མཛུབ་ཁྲིད་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་སློབ་ཁྲིད28བཀོད་སྒྲིག་བྱས་ཡོད་པ་དང་གྲྭ་བཙུན62གསོ་སྦྱོང་ནང་ཞུགས་ཡོད་པ་རེད། གསོ་སྦྱོང་གི་ནང་དོན་ལ་གནས་བབ་དང་སྲིད་ཇུས། ཆབ་སྲིད་གཞུང་ལུགས་སློབ་གསོ། ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ། ཆོས་ལུགས་ལོ་རྒྱུས་མདོར་བསྡུས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་འདུས། ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་དང་ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སྔར་ལསས་ལེགས་པའི་སྒོ་ནས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་ཁྲོད་ཁྱབ་པ་བྱས་ནས། རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་མི་སྣ་སྔར་བས་མང་དུ་གཏོང་རྒྱུ་དེ་རེད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྗེས་གྲབས་སྟོབས་ཤུགས་ཀྱི་ཆབ་སྲིད་བྱང་ཚད་དང་། ཁྲིམས་སྐྱོང་བྱང་ཚད། རིག་གནས་བྱང་ཚད། དོ་དམ་ནུས་པ། ཆོས་ལུགས་ཤེས་བྱ་སོགས་ཕྱོགས་བསྡུས་བྱང་ཚད་ཀྱི་ཆུ་ཚད་ལ་བརྟེན་ནས“ཆབ་སྲིད་ཐད་ཡིད་ཆེས་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཆེ་བ། ཀུན་སྤྱོད་ཐད་ཀུན་གྱི་ཡིད་དུ་འཐད་པ། གནད་འག་གི་དུས་སུ་ནུས་པ་ཐོན་པ”བཅས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པར་བསྟན།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་ཁུལ་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་། ཁུལ་ནང་བསྟན་མཐུན་ཚོགས་བཅས་ཀྱིས་དགོན་སྡེར་དྲིལ་བསྒྲགས་དང་། སློབ་གཞི་སྤྲོད་པ། བྱེད་སྒོ་སྤེལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་“ཚད་གཞི་བཞི”སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་དེ་སྔར་བས་ལེགས་པོའི་སྒོ་ནས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་ལས་དོན་ཁྲོད་ཁྱབ་པ་བྱས་ནས་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ཤེས་ཡོན་བརྩོན་གཉེར། དཀའ་སྤྱད་སྦྱོང་བརྡར། སྒྲིག་བརྩི་ཁྲིམས་སྲུང་། ཀུན་སྤྱོད་ཡར་བརྩོན། ནུས་པ་འདོན་སྤེལ་བཅས་ཀྱི་ཚད་ལོན་གྲྭ་བཙུན་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱ་ཆེད། འཆར་གཞི་ལྟར་ལོ་གསུམ་གྱི་དུས་ཚོད་སྤྱད་དེ། ཁུལ་ཡོངས་སུ་ལོ18ནས50བར་གྱི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ལ“ཚད་གཞི་བཞིའི”བསམ་བློའི་སློབ་གསོ་རེས་སྐོར་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།