དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སུམ་རྩེན་གླིང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

དགའ་ལྡན་སུམ་རྩེན་གླིང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་5པ་ཡིན་པ་རེད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ནས།ཆོས་ལུགས་ལས་རིགས་ཀྱི་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དམིགས་སའི་རང་བཞིན་དང་། ནུས་ལྡན་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉིན་འདིའི་སྔ་དྲོར། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་ཁུལ་སྤྱི་བདེ་ཅུས་དང་ཁུལ་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣ་དང་མཉམ་དུ་དགའ་ལྡན་སུམ་རྩེན་གླིང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཡུལ་དངོས་སུ།   ལས་དོན་མི་སྣས་དྲིལ་བསྒྲགས་རླུང་འཕྲིན་གཏོང་བ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཡུལ་དངོས་སུ་དོགས་སེལ་ལན་འདེབས་སོགས་ཀྱི་བྱ་ཐབས་སྤྱད་དེ《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》 《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དྲིལ་བསྒྲགས་ཧུར་ཐག་བྱས་པ་རེད། ཐེངས་འདིའི་བྱེད་སྒོའི་ཐོག་དགའ་ལྡན་སུམ་རྩེན་གླིང་གི་གྲྭ་པ་དང་། མང་ཚོགས། ཡུལ་སྐོར་བ་བཅས་ལ་རིགས་སྣ་ཚོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་700ལྷག་ཙམ་སྤྲད་པས། ཚང་མས་ཁྲིམས་སྦྱོང་བ་དང་། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་ཚང་མར་འགན་འཁྲི་ཡོད་པའི”རྣམ་པ་ཟབ་མོ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།