ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གནས་སྐབས་སུ་ཟླ9པར་སྤེལ་རྒྱུ་གཏན་འཁེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

32fa828ba61ea8d36ccd0335c2ebba48241f587f.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་སྐུལ་སློང་ཚོགས་འདུ་བསྡུས་ནས་རིམ་པ་ཁག་དང་སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག་ཡོངས་ལ་སྐུལ་སློང་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་ད་ལོའི་ཟླ9པར་སྤེལ་རྒྱུ་གནས་སྐབས་གཏན་འཁེལ་བྱས་པ་རེད།

622762d0f703918f62d799ca00dcac9158eec490.jpg

eac4b74543a98226ae13a198df6333074890eba3.jpg

བདེ་ཆེན་ཁུལ་གྱིས་ཡུན་ནན་ནུབ་ངོས་ཀྱི་ཡུལ་སྐོར་ལམ་ཐིག་འཛུགས་སྐྲུན་གྱི་གོ་སྐབས་དམ་པོར་བཟུང་ནས་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ད་ལོར་བསྐྲུན་ཟིན་པ་དང་མྱུར་བགྲོད་གཞུང་ལམ་རིག་གནས་ཡུལ་སྐོར་དུས་ཆེན་མ་སྤེལ་གོང་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། འབའ་ལུང་ནས་ལན་ཕིང་བར་དང་། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གྱི་སྐོར་ལམ་ཤར་མ། སེམས་ཀྱི་ཉི་ཟླ་ནས་ཀྲུང་ཏེན་གངས་རི་ཆེན་པོ་བར། སེམས་ཀྱི་ཉི་ཟླའི་ཡུལ་སུམ་ནས་ཨོ་རྒྱན་བར། འབའ་ལུང་ནས་འཇོལ་མདའ་བར་སོགས་ཀྱི་རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། དེ་དང་དུས་མཚུངས་སུ་གཞུང་ལམ་ལམ་རྒྱུད་དུ་རླངས་འཁོར་འཇོག་ས་དང་། ལྗོངས་གཟིགས་སྟེགས་བུ། ཡུལ་སྐོར་གསང་སྤྱོད། གློག་གསོག་ས་ཚིགས་སོགས་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

bd3eb13533fa828b53007439a8fecb32960a5a35.jpg

d62a6059252dd42a734a23e155dad1b3c8eab824.jpg

དེ་དང་ཆབས་ཅིག་ཏུ་བདེ་ཆེན་ཁུལ་གྱིས་ཚད་གཞི་མཐོ་བའི་ངང་རྒྱལ་ཐང་སྟག་མའི་ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་། ནགས་ཕག་མཚོའི་བརླན་སའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཆར་འགོད་དང་འཛུགས་སྐྲུན་བྱས་ནས་ཆན་ཧུའུ་རི་བོ་སོགས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་དང་། མེ་རི་གངས་རིའི་རྒྱལ་ཁབ་སྤྱི་གླིང་། སྟག་མཆོང་འགག་རྒྱལ་ཁབ་སྤྱི་གླིང་སོགས་ཀྱི་སྤུས་ཚད་མཐོར་གཏོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་རེད། རྡོ་མཁར་རྫོང་ཟླ་འོད་གྲོང་གི་ཁྱད་ལྡན་གྲོང་རྡལ་ཆུང་བ་དང་། མེ་རི་གངས་རི་པར་ལེན་གྲོང་རྡལ་ཆུང་བ། འབའ་ལྷག་དཀར་རྫོང་གི་ཁྱད་ལྡན་གྲོང་རྡལ་ཆུང་བ་སོགས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། གཙང་གསུམ་མཉམ་རྒྱུག་དང་། ཇ་རྟའི་གནའ་ལམ། རྫ་ཆུའི་རོང་ཆེན་སོགས་ཀྱི་ཡུལ་སྐོར་ལམ་ཐིག་ཧུར་ཐག་བཏོད་དེ་སེམས་ཀྱི་ཉི་ཟླའི་སྒེར་འཁོར་ཡུལ་སྐོར་ལམ་ཐིག་མཛེས་ཤོས་བསྐྲུན་དགོས། གངས་འཁྱག་ལུས་རྩལ་སྤྲོ་གསེང་ཉམས་ལེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་དགུན་དུས་གངས་ཤུད་ཡུལ་སྐོར་ཐོན་རྫས་ཧུར་ཐག་གཏོད་དགོས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།