ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ན་གཞོན་ལས་རིགས་གསར་གཏོད་ལ་རོགས་སྐྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ན་གཞོན་ལས་རིགས་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བ་དང་ན་གཞོན་ལས་རིགས་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་ཚད་མཐོ་རུ་གཏོང་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ན་གཞོན་ལས་རིགས་གསར་གཏོད་ཀྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས་ན་གཞོན་ལས་རིགས་གསར་གཏོད་ཀྱི་ལས་དོན་ལ་ཞབས་འདེགས་ཧུར་ཐག་ཞུས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“ང་ཚོ་ཚང་མ་ཕུགས་འདུན་དོན་གཉེར་བྱེད་མཁན་ཡིན། ལང་ཚོས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ཞེས་པའི་མཉམ་སྤྱོད་ཚོགས་འདུ། “དང་། “ན་གཞོན་ལས་རིགས་གསར་གཏོད་ཉམས་མྱོང་བརྗེ་རེས་ཚོགས་འདུ”འཚོགས་ནས་“ཕུགས་འདུན་ཡོད་པ་དང་། ཕུགས་འདུན་དོན་གཉེར་བྱེད་ཕོད་པ། ཕུགས་འདུན་མངོན་འགྱུར་ལ་ཧུར་ཐག་བྱེད་པ”“ལས་རིགས་གསར་གཏོད་ཕུགས་འདུན་དོན་གཉེར་གྱི་རྒྱང་སྐྱོད་ལམ་བུ་གསར་པ”སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱས་ནས། ན་གཞོན་གྱི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ན་གཞོན་གྱི་ལས་རིགས་གསར་གཏོད་ཕུགས་འདུན་ཇེ་ཆེར་བཏང་བ་རེད། ཐོན་ལས་སྲིད་ཇུས་དང་མཐུན་པ་དང་། ཚོང་རའི་མདུན་ལམ་བཟང་བ། ལས་ཞུགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་ན་གཞོན་ལས་རིགས་གསར་གཏོད་རྣམ་གྲངས་ལ་ཤུགས་ཆེན་པོས་རོགས་སྐྱོར་བྱས། རྒྱ་ཆེའི་གཞོན་ནུ་ཚོར་ཕྱོགས་ནས“ཕུགས་འདུན་ནི་རྒྱང་རིང་དུ་ཡོད་པ་དང་ལམ་བུ་ནི་རྐང་འོག་ཏུ་ཡོད་པ”སོགས་ལས་རིགས་གསར་གཏོད་ནུས་རྩལ་གསོ་སྦྱོང་བྱེད་སྒོ་ཧུར་ཐག་གིས་སྤེལ་ལ། མིག་སྔར་ན་གཞོན་ཚོའི་ལས་ཞུགས་ལས་རིགས་གསར་གཏོད་ནུས་པ་ཞན་པའི་གནད་དོན་ལ་དམིགས་ཏེ། ནུས་རྩལ་གསོ་སྦྱོང་ཐེངས4བྱས་པ་དེས་ལས་རིག་གསར་གཏོད་ན་གཞོན700ལྷག་ཙམ་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད་པ་རེད། “བུན་གཏོང་དང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དང“ངོ་ཐུག་གདོང་འཕྲད”ཀྱི་བྱེད་སྒོ་སྤེལ་བ་དང་། ལས་རིགས་གསར་གཏོད་ན་གཞོན་ཚོགས་སྤྱིར་དང་འབྲེལ་འདྲི་བྱེད་པ། ལས་རིགས་གསར་གཏོད་ན་གཞོན་གྱི་རེ་འབོད་དང་ཕུགས་འདུན་ལ་ཉན་པ། སྲིད་གཞུང་གི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། གཞོན་ནུ་ཚོར་ལས་རིགས་གསར་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་ལ་སྐུལ་འདེད་གཏོང་བ་བཅས་བྱས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།