ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ཚོགས་པ་ཁག་དང་པོ་བསུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

བདེ་ཆེན་ཁུལ་དུ་ཡོང་བའི་ཡུལ་སྐོར་པ་ཚོ།

2.jpg

བདེ་ཆེན་ཁུལ་དུ་ཡོང་བའི་ཡུལ་སྐོར་པ་ཚོ།

3.jpg

ལྟ་སྐོར་བྱེད་བཞིན་པའི་ཡུལ་སྐོར་པ།

༤.jpg

ཡུལ་སྐོར་བ་ཚོར་སྣེ་ལེན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས16ཉིན་ཡུལ་སྐོར་ལས་དོན་ཁང་གི་འགྲུལ་སྐྱེལ་རླངས་འཁོར་དེ་སེམས་ཀྱི་ཉི་ཟླའི་མཆོད་རྟེན་དབུས་སུ་དལ་བུར་བསྐྱོད་པ་དང་བསྟུན་ནས་ཞིང་ཆེན་ནང་ཁུལ་གྱི་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ35ཡིས་ཡུལ་སྐོར་བྱེད་འགོ་ཚུགས། དེ་ནི་ལས་ཐོན་བསྐྱར་ཚུགས་བྱས་ཚུན། བདེ་ཆེན་ཁུལ་གྱིས་བསུ་བའི་ཡུལ་སྐོར་བ་ཚོགས་པ་ཁག་དང་པོ་ཡིན་པ་རེད།

 ཉིན་དེར་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡི་ལས་དོན་མི་སྣས་ལུས་ལ་མི་རིགས་ཀྱི་གྱོན་ཆས་སྤྲས་ཤིང་ལག་ཏུ་ཁ་བཏགས་དཀར་པོ་བཟུང་ནས་སྐུ་མགྲོན་རྣམས་ལ་དགའ་བསུ་བྱས་པ་དང་། ཡུལ་སྐོར་བ་ཡེས་ལགས་ཀྱིས“རླངས་འཁོར་ནས་བབས་མ་ཐག་ཏུ་བོད་མི་རིགས་ཀྱི་ལྷག་སེམས་དཀར་པོས་མགྲོན་པོར་སྣེ་ལེན་ཞུ་བ་མྱོང་ཚོར་ཐུབ་པ་དང་། སེམས་ཀྱི་ཉི་ཟླའི་ལྗོངས་ཁུལ་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེས་པའི་གནས་ཚུལ་ཐོས་རྗེས་ལམ་སེང་ཚོགས་པར་སྙན་སེང་ཞུས་པ་དང་། ལམ་ཧྲིལ་བོར་ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུ་ལེགས་པ་མ་ཟད། མི་ཚང་མར་ལུས་དྲོད་ཚད་འཇལ་དང་འགྲུལ་སྐྱེལ་རླངས་འཁོར་དུག་སེལ་བྱས་པས་ངའི་སེམས་ཀྱང་བདེ་བར་གྱུར”ཞེས་བཤད།

 “ལམ་ཐིག་འཆར་འགོད་ནས་རླངས་འཁོར་དང་སྣེ་ལེན་ས་ཚིགས་བར་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཐད་ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཏེ། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱེད་པ་དང་ཆབས་ཅིག་ཏུ་སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་དང་། དམངས་སྲོལ་གོམས་གཤིས་སོགས་སྔར་ལས་ལྷག་པའི་སྒོ་ནས་ཡུལ་སྐོར་བར་མངོན་པར་བསྟན་ནས་སེམས་ཀྱི་ཉི་ཟླའི་ཡིད་དབང་འཕྲོག་ཤུགས་མངོན་དགོས”ཞེས་ཚོགས་པ་ཁྲིད་མཁན་ཡུལ་སྐོར་སྣེ་ཤན་པ་ཀྲོའུ་ཅན་ཅུན་གྱིས་དེ་ལྟར་བརྗོད། ཐེངས་འདིའི་ལམ་ཐག་ཉིན་གཉིས་ཡིན་པ་དང་། ཕུ་མདའ་མཚོའི་རྒྱལ་ཁབ་སྤྱི་གླིང་དང་། རྡོ་མཁར་རྫོང་གནའ་གྲོང་། སྟག་མཆོང་འགག་ལྗོངས་ཁུལ་སོགས་སུ་སྣེ་ཁྲིད་དེ་ཁོང་ཚོར་ལྟ་སྐོར་བྱེད་དུ་འཇུག་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།   “ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི”བཀོད་སྒྲིག་བླང་བྱ་བཞིན། བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ལས་ཐོན་བསྐྱར་གསོ་བྱེད་མཁན་ཁེ་ལས་དང་ལས་ཞུགས་མི་སྣས་རིམས་འགོག་བྱ་ཐབས་ཕྱོགས་ནས་དོན་འཁྱོལ་ནན་པོ་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་ཡག་པོ་བྱེད་པ་དང་། ཆབས་ཅིག་ཏུ་ཡུལ་སྐོར་ཐོན་རྫས་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ནས་ལས་རིགས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཐད་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། དེ་བས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་རྫས་དང་། དེ་བས་ལེགས་པའི་ཡུལ་སྐོར་ཞབས་ཞུ་བཅས་བྱས་ནས་ཡུལ་སྐོར་བར་མྱོང་ཚོར་གང་ལེགས་མཁོ་འདོན་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།