ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་རིག་ལྡན་འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་རྣམ་པ་བཏོད་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1587095012992161.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན།བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རིག་ལྡན་སྤྱི་པའི་ཕྱིར་སྐྱོད་འཛུགས་སྐྲུན་རྣམ་གྲངས་ (བརྙན་ཤེལ་ཆུང་བའི་སྟེགས་བུ)46སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་ལ་རྩིས་སྤྲད་པ་དང་འབྲེལ་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།  

རྒྱུས་ལོན་བྱུང་བ་ལྟར་ན།ཁུལ་ཡོངས་སུ་རིག་ལྡན་སྤྱི་པའི་ཕྱིར་སྐྱོད་འཛུགས་སྐྲུན་རྣམ་གྲངས་ (བརྙན་ཤེལ་ཆུང་བའི་སྟེགས་བུ) ཁྱོན་སྟེགས་བུ་100སྒྲིག་སྦྱོར་བྱས་འདུག འདིའི་ཁྲོད་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་46དང་འཇོལ་རྫོང་དུ་15 འབའ་ལུང་རྫོང་དུ་35   དཔལ་འབྱོར་གསར་སྤེལ་ཆུས་སུ་4བཅས་སྒྲིག་སྦྱོར་བྱས་ཡོད།རྣམ་གྲངས་འདི་ནི་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འོས་སྐུལ་འོས་དཔོད་བྱས་ནས་འཛུགས་སྐྲུན་བྱས་པ་དང་།2019ལོའི་ཟླ་10པའི་ཚེས་26ཉིན་ནས་བཟུང་ཁུན་མིང་ཀྲུའོ་ཧན་ཚན་རྩལ་ཚད་ཡོད་ཀུང་སིས་སྒྲིག་སྦྱོར་བྱེད་འགན་འཁུར་ལ།2019ལོའི་ཟླ་12པའི་ཚེས་31ཉིན་ཚང་མ་སྒྲིག་སྦྱོར་བྱས་པ་དང་འབྲེལ་ཚོད་ལྟའི་འཁོར་སྐྱོད་བྱས་ཟིན་པ་རེད།རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་རྣམས་ལ་བེད་སྤྱོད་སྟབས་བདེ་ཡོང་ཆེད།བརྙན་ཤེལ་ཆུང་བུའི་སྟེགས་བུ་སྒྲིག་སྦྱོར་ཁྱབ་ཚུལ་བལྟོས་བཅས་ཀྱི་མི་ཚོགས་གཅིག་སྡུད་ཀྱི་སྔོ་ཚོད་ཁྲོམ་ར་དང་།ཐང་ཆེན།སློབ་གྲྭ སྲིད་འཛིན་ཐོག་བརྩེགས་ཁང་ཆེན་སོགས་ཀྱི་ཉེ་འགྲམ་དུ་སྒྲིག་སྦྱོར་བྱས་ཡོད།

b9532863-4ff2-45b2-aee6-c6fb6c187d9b.jpg

རྒྱུས་ལོན་བྱུང་བ་ལྟར་ན།རང་ཁུལ་གྱི་རིག་ལྡན་སྤྱི་པའི་ཕྱིར་སྐྱོད་འཛུགས་སྐྲུན་རྣམ་གྲངས་ (བརྙན་ཤེལ་ཆུང་བའི་སྟེགས་བུ) ལ་རིག་ལྡན་གྱིས་རླངས་འཁོར་གླ་བ་དང་། གནམ་གཤིས་དང་། གནམ་གྲུའི་ལན་གྲངས། བཟའ་སྡོད། འགྲོ་སྡོད་སོགས་དམངས་ཕན་ཞབས་ཞུ། སྲིད་ཇུས་ཁྲིམས་སྲོལ་དང་། སྐབས་སྲིད་གསར་འགྱུར། ཡུལ་སྐོར་ཆ་འཕྲིན། ལམ་གྱི་ཆ་འཕྲིན་སོགས་འདྲི་རྩད་ཞབས་ཞུ་བཅས་ཀྱི་ནུས་པ་ཚུད་ཡོད། རྣམ་གྲངས་འདི་ལག་བསྟར་བྱས་པ་དེས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་། གྲོང་ཁྱེར་གྱི་ཤེས་དཔལ་གཟུགས་བརྙན་མཐོ་རུ་གཏོང་བ། སྤྱི་པའི་འགྲིམ་འགྲུལ་གྱི་དམངས་ཕན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གྲོང་མི་ཕྱིར་སྐྱོད་ཀྱི་སྟབས་བདེའི་རང་བཞིན་དང་དུས་ཐོག་རང་བཞིན་ཆེ་རུ་གཏོང་བ་བཅས་ལ་ཕན་ནུས་ལྡན་པ་རེད། 

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ནུས་ཤུགས་ཡོད་རྒུས་རིག་ལྡན་སྤྱི་པའི་ཕྱིར་སྐྱོད་འཛུགས་སྐྲུན་རྣམ་གྲངས་ལ་དོ་དམ་དང་སྲུང་སྐྱོང་ཡག་པོ་བྱས་ཏེ་དེའི་ཕན་ནུས་ཆེ་ཤོས་འདོན་སྤེལ་བྱས་ནས་རྒྱ་ཆེའི་གྲོང་མི་ཚོར་རྒྱུན་མཐུད་དང་སྟབས་བདེའི་ངང་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།