ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ལྷག་གྲོང་ཚོའི་འཕོ་འགྱུར་ཆེན་པོ། ​

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

70a8ee34-175e-48dd-8267-06cd4c3551b4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབའ་ལྷག་གྲོང་ཚོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁོང་གཏོགས་ཉི་ཤར་ཤང་གི་བྱང་ཕྱོགས་ཀྱི་ལེ་དབར་30ཡས་མས་ཀྱི་མཚམས་སུ་ཡོད་ལ། བདེ་ཆེན་གྱི་ལྗོངས་ཁུལ་གྲགས་ཅན་འབའ་ལྷག་དཀར་རྫོང་ཞེས་པ་དེར་ཡོད། འདི་ཡང་ལྗོངས་ཁུལ་གྱི་གྲོང་ཚོ་གཅིག་པུ་ཡིན་པ་རེད། ལོ་བཅུ་ཕྲག་ལྷག་གི་ཡར་སྔོན་ལ་ས་གནས་ཁེ་ལས་པ་བསོད་ནམས་དོན་གྲུབ་ཀྱིས་ཕ་ཡུལ་གྱི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཡུལ་མིའི་འཚོ་བའི་ཆ་རྐྱེན་ཞན་པ། སློབ་གསོ་དང་སྨན་བཅོས་སྟབས་བདེ་མིན་པ་སོགས་ལ་དམིགས་ནས། ཕ་ཡུལ་དུ་གཞུང་ལམ་བཟོ་བའི་འདུན་པ་དྲག་པོ་སྐྱེས་པ་མ་ཟད་། རང་ཉིད་ཀྱིས་ལོ་མང་བོའི་རིང་ལ་ཚོང་བརྒྱབ་ནས་ཐོན་པའི་གསོག་འབབ་ཡོད་ཚད་བཏང་ནས་དངོས་སུ་གཞུང་ལམ་བཟོ་བའི་འགོ་བརྩམས་ཤིང་། 2008ལོར་འབའ་ལྷག་གྲོང་ཚོར་གློག་དང་ཆུ། གཞུང་ལམ་བཅས་བཏང་ལ། དེ་ནས་བཟུང་ས་གནས་གྲོང་མིའི་འཚོ་བར་འཕོ་འགྱུར་བྱུང་འགོ་བརྩམས་པ་རེད།

གཞུང་ལམ་ཤར་གཏོང་བྱས་པ་ཙམ་གྱིས་རིག་གནས་ཤེས་ཡོན་མེད་པའི་གྲོང་མིའི་འཚོ་བར་མངོན་གསལ་གྱི་འགྱུར་ལྡོག་གཏོང་ཐབས་མེད་སྟབས། བསོད་ནམས་དོན་གྲུབ་ཀྱིས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་ངོ་མཚར་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ལྗོངས་ཁུལ་གསར་སྤེལ་བྱེད་པའི་ལས་ལ་ཞུགས་ཤིང་། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པ་རེད། ཡུལ་སྐོར་ལྗོངས་ཁུལ་གསར་སྤེལ་གྱིས་གྲོང་མི་ཚོའི་འཚོ་བར་འགྱུར་ལྡོག་མངོན་གསལ་བྱུང་ལ། གྲོང་མི་ཚོས་ཀྱང་ཡུལ་སྐོར་ལྗོངས་ཁུལ་ལ་བརྟེན་ན་ཕ་ཡུལ་གྱི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ་པ་མ་ཟད། འཚོ་བའི་ཡོང་འབབ་འཕར་ཐུབ་པ་ཤེས་སྟབས།  2011ལོར་རི་སྐེད་ཀྱི་སྡོད་གནས་ནས་ཆུ་གྲོང་ཟེར་བའི་གནས་གསར་པ་འདིར་སྤར་རྒྱུ་ཐག་གིས་བཅད་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། སྔོན་གྱི་སྡོད་གནས་ནས་མི་ཕྱུག་གཉིས་ཀྱི་ཁང་བ་གཅིག་པ་ཡིན་པས་གྲལ་མི་དག་ཅིང་། རྒྱ་ཆུང་བར་བཤད་ལ། དུས་དེ་རིང་ཁྱིམ་ཚང་སོ་སོས་ཁང་བ་ཉིས་ཐོག་སུམ་ཐོག་ཕུབ་ཡོད་པས་འགྱུར་ལྡོག་བླ་མེད་བྱུང་འདུག །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།