ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་དུས་བཀག་ལྟར་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལེགས་གྲུབ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བདེ་ཆེན་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་ཁུལ་བཅའ་སྡོད་སྲིད་གྲོས་ལས་ཁུངས་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གཞིའི་དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བརྟག་དཔྱད་དང་ཞིབ་བཤེར་བྱས་པ་དང་། གནད་སྨིན་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤུས་འབོར་གཉིས་ལྡན་གྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དུས་བཀག་ལྟར་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ལྟ་སྐུལ་བྱེད་པའི་རིང་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་ནན་དུ་གཏོང་བ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཁག་གིས་དབུལ་སྐྱོར་དང་། དམངས་སྲིད། ནོར་སྲིད་སོགས་སྡེ་ཁག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་གི་གནས་ཚུལ་ལ་གནད་སྨིན་ཞིབ་བཤེར་བྱེད་པ་དང་འབྲེལ། ལས་ཀའི་དམིགས་ཚད་ལས་འགན་ལ་དམིགས་པ། ལས་ཀའི་འཆར་གཞི་བཟོ་བ། དུས་ཚོད་ཀྱི་མཚམས་ཚིགས་ལྡོག་སྒྲིག་བཅས་བྱས་ཏེ་གཙོ་གནད་རིགས4དང་གཙོ་གནད་མ་ཡིན་པའི་རིགས་4ཡི་ཁ་གཏད་བྱ་ཡུལ་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ནུས་པ་མེད་པའི་དུད་ཚང་གི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་བ་རེད། ཉེན་ཡོད་ཁང་པའི“གཙང་བཤེར”གྱི་ཚད་གཞིར་གཞིགས་ནས་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་ཁུལ་བཅའ་སྡོད་སྲིད་གྲོས་ལས་ཁུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གིས་ཞན་ཆ་དང་ཆད་ལུས་སྔར་བས་རྩད་ཆོད་མཐའ་གསལ་ཐུབ་པ་དང་། དུད་ཚང་རེ་རེ་བཞིན་གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་གསེད་བཀྲོལ་བྱེད་པ། དམིགས་ཚད་ལྡོག་སྐུལ་དང་བཅོས་སྒྲིག་གི་ཨང་གྲངས་མེད་པར་བཟོ་བ་བཅས་བྱས་ནས་མང་ཚོགས་དབུལ་པོའི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།

མིག་སྔའི་བར་ཁུལ་ཡོངས་ཀྱིས་ཉེན་ཡོད་སྡོད་ཁང4417སྒྱུར་བཀོད་བྱས་པ་དེས་ཁུལ་ཡོངས་ཀྱི་ཞིང་དུད་ཀྱི80%བཟུང་ཡོད་པ་དང་། མི་གྲངས་ཁྲི22.5ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅིང་། ཉེན་ཡོད་ཁང་པ་སྒྱུར་བཀོད་གཙང་སེལ་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱས་ཡོད།

ད་བར་དུ་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྐྱོར་དང་རྩིས་བཤེར་སོགས་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁུངས་སྣེ་ཕྱོགས་གཉིས་རྩིས་སྤྲོད་ལམ་སྲོལ་བཙུགས་ཏེ། གནད་དོན་གྱི་ཁུངས་སྣེ་སྔོན་ལ་ཐག་གཅོད་བྱེད་པ་དང་། མགྱོགས་མྱུར་ངང་ཐག་གཅོད་ནན་མོ་བྱས་ཡོད། ན་ནིང་ནས་བཟུང་ཁུལ་ཡོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་གྱི་ཁུངས་སྣེ146ཐག་གཅོད་བྱས་པ་དང་། གྱོད་གཞི146ཐག་གཅོད་བྱས་ལ། སྒྲུབ་ཚད100%ལ་སླེབས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།