ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་དུ་ནགས་ཚལ་མེ་སྐྱོན་གཉིས་བྱུང་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0aca41a0-c179-473b-bcc7-81f97efb52e8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན་གྱི་ཕྱི་དྲོར།བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དང་དཔལ་འབྱོར་གསར་སྤེལ་ཆུས་ཀྱི་མངའ་ཁོངས་སུ་སྔ་རྗེས་སུ་ནགས་ཚལ་མེ་སྐྱོན་གཉིས་བྱུང་བ་རེད།མིག་སྔའི་བར་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་ཅིན་ཞིན་གྲོང་ཚོའི་ཧྲ་མི་ཚོ་ཆུང་གཉིས་པའི་ཐུན་མོང་གི་ནགས་ཚལ་ནང་བྱུང་བའི་ནགས་ཚལ་མེ་སྐྱོན་ལ་གཞི་རྩའི་ཐོག་ནས་ཚོད་འཛིན་བྱས་ཡོད་པ་དང་།བདེ་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཆུས་སྡེ་ཁུལ་སུང་ཡོན་ཚོ་ཆུང་སྟོད་མར་བྱུང་བའི་ནགས་ཚལ་མེ་སྐྱོན་དེ་ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་བྱེད་བཞིན་ཡོད།    

0bd8a6c6-4220-4431-a843-4e7f7a948eba.jpg

རྒྱུས་ལོན་བྱུང་བ་ལྟར་ན།མེ་ཤོར་སའི་ནགས་ཚལ་དེ་ཡུན་ནན་ཐང་ཤིང་དང་རི་མཐོའི་ཐང་ཤིང་ཡིན་པས་འབར་སླ་བ་རེད།གཞན་མེ་སྐྱོན་བྱུང་རྗེས་རླུང་ཤུགས་ཆེ་བ་དང་རི་མཐོ་ལ་གཟར་པོ་ཡོད་པས་མེ་སྐྱོན་གསོད་པའི་ཐད་དཀའ་ངལ་ཆེན་པོ་འཕྲད་པ་དང་མེ་སྐྱོན་མཆེད་ཚད་ཅུང་མགྱོགས་པོ་ཡིན་པ་རེད།

ཟླ3པའི་ཚེས30ཉིན།ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲིན་ཀྲང་རན་ཁྲིན་ཧྭ་དང་།ཞིང་ཨུའི་རྒྱུན་ཨུ།རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཙུན་ཀོ་དབྱིན།ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ཞན་ཀང་བཅས་ཀྱིས་སྔ་རྗེས་སུ་མེ་གསོད་ལས་དོན་ལ་མཆན་འགོད་མཛུབ་སྟོན་གནང་ནས།བདེ་ཆེན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཞིང་ཆེན་དང་ཁུལ་མཐུན་སྦྱོར་མཉམ་འགུལ་བྱས་ནས་མེ་སྐྱོན་གསོད་པར་བྱས་ཏེ།གནོད་འཚེ་དང་གྱོང་གུན་ཆུང་དུ་གཏོང་བ་དང་།མི་སྣ་དང་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

cea03ed8-4514-4cab-b091-cfe26638c59f.jpg

ཚེས30ཉིན།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་།ཁུལ་དཔོན་ཆི་ཅན་ཞིན་གསར་སྤེལ་ཆུས་སུ་བསྐྱོད་དེ་མེ་གསོད་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་། ཡུལ་དངོས་སུ་མེ་སྐྱོན་ལ་ལྟ་ཞིབ་བྱས་པ་དང་འབྲེལ་འཐབ་ས་དང་པོའི་བཀོད་འདོམས་པུའི་འགན་འཁུར་བ་དང་། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས། ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཞིབ་འཇུག་བརྡར་གཅོད་ཚོགས་འདུ་འཚོགས་ཏེ་མེ་ཟོན་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་མ་ཟད།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པའི་གནས་ཚུལ་འོག་ནུས་ཤུགས་ཡོད་རྒུས་མེ་གསོད་རོགས་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཡུན་ནན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དུས་ཐོག་ཏུ་ས་དམ་ནགས་ཚལ་མེ་ཟོན་ཡན་ལག་རུ་ཁག་གི་མི210དང་པའོ་ཧྲན་ནགས་ཚལ་མེ་ཟོན་ཡན་ལག་རུ་ཁག་གི་མི100བསྡུས་ནས་བདེ་ཆེན་ལ་རོགས་སྐྱོར་བྱས་པ་དང་འབྲེལ་ཟླ3པའི་ཚེས30ཉིན་གྱི་ཆུ་ཚོད20ཐོག་གསར་སྤེལ་ཆུས་སུ་འབྱོར་ནས་མེ་གསོད་རོགས་སྐྱོབ་བྱས་པ་རེད།

2302afb9-ea41-465a-b990-026555cc2e3b.jpg

མིག་སྔར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཧུར་ཐག་སྒོས་མེ་སྐྱོན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་།ས་དམ་འཕྲལ་སྡོམ་མཁའ་འགྲུལ་ནགས་སྲུང་ས་ཚིགས་ནས་ཡོང་བའི་ཐད་འཕུར་གནམ་གྲུ་གཉིས་མེ་སྐྱོན་འགོག་གསོད་བྱེད་བཞིན་ཡོད་པ་རེད།གཞན་ཡང་རོགས་སྐྱོར་མི་སྣའི་སྟོབས་ཤུགས་བསྡུ་རུབ་དང་དངོས་ཟོག་གྲ་སྒྲིག་སོགས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ཚེས31ཉིན་གྱི་ཆུ་ཚོད10བའི་བར་དུ་མེ་གསོད་རུ་ཁག་གི་མི་གྲངས2000ལྷག་མེ་གསོད་ལས་ཀའི་ནང་ཞུགས་ཡོད་པ་དང་།  དེའི་ནང་ཡུན་ནན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་མི518དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་མི1000ཡོད།  མིག་སྔར་མེ་གསོད་ལས་དོན་ཁག་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།