ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ནགས་ཚལ་མེ་འགོག་གིས་ནུས་ཤུགས་ཡོད་རྒུས་མེ་གསོད་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

མེ་སྐྱོན་བྱུང་བའི་ཡུལ་དངོས། 

2.jpg

མེ་སྐྱོན་བྱུང་བའི་ཡུལ་དངོས། 

3.jpg

མེ་འགོག་ལས་དོན་མི་སྣས་མེ་གསོད་བཞིན་པ།

4.jpg

ཐད་འཕུར་གནམ་གྲུས་མེ་གསོད་བཞིན་པའི་ཚུལ།

5.jpg

མེ་གསོད་རུ་མིས་ངལ་གསོ་བཞིན་པ།

6.jpg

ཐད་འཕུར་གནམ་གྲུས་མེ་གསོད་བཞིན་པ། 

7.jpg

མེ་གསོད་རུ་མིས་མེ་གསོད་བཞིན་པའི་ཚུལ། 

8.jpg

མེ་གསོད་རུ་མི་རི་ལ་འཛེགས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན་གྱི་ཆུ་ཚོད16དང་སྐར་མ50སྟེང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་གཞིས་ཁུལ་སྡོད་དམངས་ཨུ་ལྷན་གྱི་ཐང་ཤིང་ར་བ་མེ་ལ་ཤོར་བ་རེད། 

མེ་སྐྱོན་བྱུང་རྗེས་ཡུན་ནན་ནགས་ཚལ་མེ་འགོག་དཔུང་ཁག་གིས་མྱུར་དུ་འགུལ་སྐྱོད་བྱས་ཏེ། བདེ་ཆེན་དང་། ཏ་ལི། ལི་ཅང་། པའོ་ཧྲན་སོགས་ས་གནས་ཀྱི་ནགས་ཚལ་མེ་འགོག་དཔུང་ཁག་ཡང་ཡུལ་དངོས་སུ་བསྐྱོད་དེ་མེ་གསོད་ལས་དོན་ནང་ཞུགས། 

མིག་སྔར་མེ་གསོད་ལས་དོན་སྔར་བཞིན་ཛ་དྲག་ངང་སྤེལ་ཞིང་། རོགས་སྐྱོར་སྟོབས་ཤུགས་བསྡུ་རུབ་དང་དངོས་ཟོག་གྲ་སྒྲིག་སོགས་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་མེ་སྐྱོན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།