ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་མཐོ་འབྲིང་གསུམ་པའི་སློབ་མ་དུས་ལྟར་སློབ་གྲྭར་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1585618373722638.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན་ནས་ཚེས28ཉིན་བར་སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚོ་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་དང་དེ་བཞིན་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་འབད་བརྩོན་འོག་དུས་བཅད་ལྟར་སློབ་གྲྭར་བསྐྱར་དུ་ལོག་ཐུབ་པ་བྱུང་ཡོད། 

“སློབ་གྲོགས་ཚོ། ཁྱེད་ཀྱིས་བདེ་ཐང་གྲལ་བཤེར་དང་ལེན་བྱེད་རོགས”ཞེས་པ་དེ། ཟླ3པའི་ཚེས27ཉིན་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ། སྨན་དོན་ལས་བཟོ་བ་བཅས་ཀྱིས་འབྱོར་ཐོ་འགོད་པར་ཡོང་མཁན་སློབ་མ་ཚོའི་རྡོག་ཁྲེས་ལ་རེ་རེ་བཞིན་དུག་སེལ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས། དྲིལ་བསྒྲགས་དང་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་ལག་དེབ་སྤྲོད་པ་སོགས་བྱས་ནས་སློབ་འགོ་རྩོམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུ་བཏོན་པ་རེད། 

1585618400239626.jpg

སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་སློབ་གཙོ་ཀྲང་ཀྲི་ཡུན་གྱིས་གསར་འགོད་པས་བཅར་འདྲི་བྱེད་སྐབས་ངོ་སྤྲོད་བྱས་པར་གཞིགས་ན། དགེ་སློབ་དང་ལས་བཟོ་བའི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་བྱ་ཆེད། སློབ་གྲྭས“འགོས་ཁུངས་ཚོད་འཛིན་དང་། ཁྱབ་སྤེལ་ཐབས་ལམ་གཅོད་པ། དགེ་སློབ་ཀྱི་བདེ་འཇགས་འགན་ལེན་བྱེད་པ”བཅས་དམིགས་འབེན་དུ་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཅི་ནུས་ཀྱིས་སྒྲུབ་པ་དང་། ཉིན་ལྟར་དགེ་སློབ་ལས་བཟོ་བ་ཡོངས་ལ་རྗེས་འདེད་ནན་མོ་དང་གྲལ་བཤེར་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགེ་སློབ་དང་ལས་བཟོའི་ཉིན་རེའི་བདེ་ཐང་གནས་ཚུལ་ཡང་དག་པར་ཁོང་དུ་ཆུད་པ་དང་། དབྱེ་ཞིབ་དང་བརྡར་ཤ་གཅོད་པ། ཚན་རིག་དང་མཐུན་པའི་ཚོད་སྐོར་མཛུབ་ཁྲིད་བཅས་ཀྱིས་གནད་སྨིན་ཇུས་འདོན་བྱས་ཏེ་སློབ་འགོ་འཛུགས་པའི་གྲ་སྒྲིག་ལས་དོན་ཁག་སྔོན་དུ་བཟང་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

 སློབ་གྲྭས་རིམས་ནད་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱས་པ་དང་ལོ་རིམ་གསུམ་པོར་དུས་ཚོད་མི་འདྲ་བ་བཀོད་སྒྲིག་བྱས་ནས་སློབ་འགོ་རྩོམ་རྒྱུ་དང་། སློབ་གྲྭར་ལོག་པའི་ཆ་རྐྱེན་མི་འཛོམས་པའི་ལོ་རིམ་གྱིས་སློབ་མཚམས་མི་འཇོག་པའི་བླང་བྱ་ལྟར་དྲ་རྒྱའི་སློབ་ཁྲིད་ལག་བསྟར་བྱས་ཏེ་སློབ་གསོ་སློབ་ཁྲིད་ལས་དོན་ཟམ་མི་ཆད་པར་རྒྱུན་མཐུད་ཐུབ་པར་འགན་ལེན་བྱས་པ་དང་། སློབ་འགོ་ཚུགས་རྗེས་དགེ་སློབ་དང་ལས་བཟོ་བ་སློབ་གྲྭར་འབྱོར་རྗེས་བཀག་སྡོམ་དོ་དམ་བྱ་རྒྱུ་ཡིན་པ་རེད།

ཀྲང་ཀྲི་ཡུན་གྱིས་སློབ་གྲྭ་ནི་མི་མང་པོ་འདུ་འཛོམས་ཁུལ་ཞིག་ཡིན་པ་དང་། ལྷག་པར་དུ་སློབ་འགོ་བཙུགས་རྗེས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་དང་དཀའ་ངལ་དང་འགྲན་སློང་དེ་བས་མང་པོར་འཕྲད་ངེས་པས། སེམས་ཀྱི་ཉི་ཟླ་སློབ་འབྲིང་གིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སློབ་ཁྲིད་ལས་འགན་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་དང་། སྤྱི་ཚོགས། དེ་བཞིན་ཁྱིམ་བདག་བཅས་ཀྱི་བློ་ཡིད་ཚིམ་པའི་ལས་དོན་སྒྲུབ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།