སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དམའ་འབྲིང་གསུམ་པའི་སློབ་མར་སློབ་འགོ་རྩོམ་པའི་གྲ་སྒྲིག་ཧུར་ཐག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ཚོད་འཛིན་སྔོན་འགོག་དང་ཚོད་འཛིན་ཏན་ཏིག་བྱ་ཆེད། དགེ་སློབ་རྣམས་བདེ་བླག་ངང་སློབ་གྲྭར་ལོག་པར་འགན་ལེན་བྱ་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔོན་དུ་འཆར་འགོད་བཟོས་ཏེ་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་འགོ་མ་བརྩམས་སྔོན་གྱི་གྲ་སྒྲིག་ལས་དོན་དང་དེ་བཞིན་སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཧུར་ཐག་བྱས་པ་རེད།

མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་སློབ་གྲྭར་ལོག་པའི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པར་བྱས་ཡོད་པ་དང་། གྲོང་ཁྱེར་དེས་སློབ་གྲྭ་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གྲྭ་རེར་ཐབས་ཇུས་རེ་ལག་ལེན་བསྟར་བ་དང་འཕྲལ་སྡོམ་སྔོན་ཇུས་བཟང་པོ་བཟོས་ཏེ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སློབ་ཁྲིད་མ་ལག་གི་ལས་བཟོ་བ་དང་། དགེ་རྒན། སློབ་མ་བཅས་ཀྱི་རིམས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས། ཡུལ་སྐོར་ལོ་རྒྱུས་བཅས་སྔོན་དུ་གྲལ་བཤེར་བྱས་པ་རེད། ཁྱོན་བསྡོམ་པས་སློབ་གྲྭ34ཡི་དགེ་རྒན་དང་། ལས་བཟོབ2539དང་སློབ་མ23857གྲལ་བཤེར་བྱས་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་དམའ་འབྲིང་གསུམ་པའི་འཛིན་གྲྭ35དང་། དགེ་རྒན158 སློབ་མ1603བཅས་ཡོད་པ་རེད། མིག་སྔའི་བར་ཁུལ་ཁོངས་སུ་སློབ་གྲྭ་མ་ཐོན་པའི་སློབ་མ22དང་ཁྱིམ་སྡོད་ལོགས་བཀར་སློབ་མ33ཡོད་པ་རེད།

སློབ་ཁྲིད་སླར་གསོ་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕྱོགས་སྟོན་གཞིར་བཟུང་། སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་གཞིའི་ཞིབ་བཤེར་ཚན་ཆུང་བཙུགས་ནས་དུས་མཚམས་དང་པོའི་སློབ་གྲྭ་ཁག་གི“སློབ་གྲྭ་རེར་སྲིད་ཇུས་རེའི”རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་ཀྱི་ཞིབ་བཤེར་ལས་དོན་ལེགས་སྒྲུབ་བྱས་པ་རེད། དམའ་འབྲིང་གི་སློབ་གྲྭ་གསུམ་གྱི་དགེ་རྒན་ཚང་མ་སློབ་གྲྭར་འབྱོར་བ་དང་ཧུར་ཐག་གིས་འབྲེལ་སློབ་ཁང་དང་ཉལ་ཁང་གཙང་སྦྲ་བྱས་པ་དང་། སྤྱི་པའི་ཁོར་ཡུག་རུ་དུག་སེལ་བྱས། སྤྱི་པའི་ས་ཁོངས་བེད་སྤྱོད་ཇུས་གཞི་བཟོ་བ་སོགས་ཀྱི་ལས་དོན་སྤེལ་ནས་སློབ་གྲྭའི་སློབ་ཁྲིད་སླར་གསོ་བྱ་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།