ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས“གཅིག་གཏད་གཅིག”གི་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་བདེ་ཆེན་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་ཁུལ་ཐད་གཏོགས་སློབ་གྲྭ་དང་། གྲོང་ཁུལ་ཞིང་ཞོར་ཉོ་ཚོང་ཁྲོམ་ར། སྒོ་རྩིས་ཚོང་ཁང་ཆེ་གྲས་སོགས་སུ་བསྐྱོད་དེ་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། བདེ་ཐང་སློབ་གསོ་སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་ལས་རིགས་ཁག་གི་རྒྱུན་གཏན་འཁོར་སྐྱོད་ལ་རམ་འདེགས་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་བྱས་པ་རེད།

ཁུལ་ཐད་གཏོགས་སློབ་གྲྭ་རུ་ལས་དོན་མི་སྣ་སློབ་ཁང་དང་། ཉལ་ཁང་། ཟ་ཁང་སོགས་སུ་བསྐྱོད་དེ་སློབ་མ་མི་སྒེར་གྱི་འགོག་སྲུང་དྲིལ་བསྒྲགས་ཤོག་བྱང་དང་དྲིལ་བསྒྲགས་བརྡ་སྦྱོར་སྤྲད་པ་མ་ཟད། སློབ་གྲྭའི་སྨན་ཁང་དུ་སོང་ནས་སློབ་འགོ་བཙུགས་རྗེས་ཀྱི་བདེ་ཐང་སློབ་གསོའི་ལས་དོན་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ཤེས་རྟོགས་ཀྱང་བྱས་པ་རེད། ཞིང་ལས་ཉོ་ཚོང་ཁྲོམ་ར་ཆེ་གྲས་ཁག་ཏུ་ལས་དོན་མི་སྣས་རྒྱ་ཁྱབ་ཏུ་བརྡ་སྦྱོར་སྦྱར་བ་མ་ཟད། ཚོང་བས་ལག་པ་བཀྲུ་བ་དང་ཁ་ཐུམ་རྒྱག་པ་སོགས་བྱེད་དགོས་པའི་དྲན་སྐུལ་བྱས། གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས20རུ་ལས་དོན་མི་སྣས་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བས་རིམས་བབ་ཐོ་འགོད་བྱེད་དུ་འཇུག་དགོས་པ་དང་དུས་མཚུངས་འགྲོ་འོང་སྒོ་རྩིས་ཚོང་ཁང་གི་མི་སྣས་ཁ་ཐུམ་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།

ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོར་དྲིལ་བསྒྲགས་ཤོག་ལྷེ3000ལྷག་ཙམ་དང་དྲིལ་བསྒྲགས་བརྡ་སྦྱོར400ལྷག་ཙམ་སྤྲད་པ་དང་། ཤེས་བྱའི་དྲིལ་བསྒྲགས་སྒྲོམ་བྱང20བཟོས་ནས་སློབ་མ་དང་གྲོང་མིར་རིམས་ནད་སྔོན་འགོག་གི་ཤེས་བྱ་ནུས་ལྡན་ངང་ཁྱབ་གདལ་བཏང་བས་མང་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁོང་དུ་ཆུད་ཚད་མཐོ་རུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།