སེམས་ཀྱི་ཉི་ཟླའི་ཞིང་བས་དུས་ལྟར་རྨོད་འདེབས་བྱེད་འགོ་བརྩམས།

f4a41d06-66db-4982-8fa3-72883c72173c.png

ཁུལ་ཞིང་ལས་ཞིབ་འཇུག་གླིང་གི་ལག་རྩལ་མི་སྣ་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་སོང་ནས་ས་གནས་ཞིང་བར་ལག་རྩལ་མཛུབ་སྟོན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་ཁུལ་སྲིད་གཞུང་གཞུང་དོན་ཁང་གི་མིག་སྔའི་ཞིང་ལས་དང་གྲོང་གསེབ་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་བླང་བྱ་གཞིར་བཟུང་།    ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་པ་དང་། ཧུར་ཐག་སྒོས་ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་ལ་ཁ་གཏད་གཅོག་པའི་ལས་དོན་སྒྲུབ་པ། དཔྱིད་དུས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

822c1b6c-4175-452d-af70-bedfcf5ead9c.png

ཁུལ་ཞིང་ལས་ཞིབ་འཇུག་གླིང་གི་ལག་རྩལ་མི་སྣ་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་སོང་ནས་ས་གནས་ཞིང་བར་ལག་རྩལ་མཛུབ་སྟོན་བྱེད་བཞིན་པ།

བདེ་ཆེན་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ཏེ། སྔོན་མ་ནས་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་གསར་པའི་ཤུགས་རྐྱེན་ཁྱད་བསད་ནུས་ལྡན་དང་དཔྱིད་འགོག་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད། 

fd29f619-be7d-4d26-8e6a-3ef832691641.jpg

རྨོད་འདེབས་ཀྱི་ལས་ལ་བྲེལ་བཞིན་པའི་ཞིང་བ།

མིག་སྔར་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཞིང་དུད་ཀྱིས་ཞིང་ཁར་ལུད་རྒྱག་པ་དང་། ཆུ་གཏོང་པ། ནད་འབུ་སྔོན་འགོག་ཚོད་འཛིན་སོགས་ས་ཞིང་དོ་དམ་བྱེད་བཞིན་ཡོད་པ་དང་། དཔྱིད་དུས་ཐོན་སྐྱེད་གོ་རིམ་ལྡན་ལ་ཞིང་ལས་སྐྱེ་དངོས་སྐྱེ་ཚུལ་ཡག་པོ་ཡོད་པ། དཔྱིད་དུས་རྨོད་གྲབས་ལ་སྐུལ་འདེད་བརྟན་པོ་སོགས་བཏང་བ་རེད།   ས་བོན་ཏུན་201.36དང་། ཞིང་སྨན་ཏུན་30 རྫས་ལུད་ཏུན་1449.35 འགྱིག་ཤོག་ཏུན་305.25བཅས་གྲ་སྒྲིག་བྱས་པ། དཔྱིད་རྨོད་རྨོད་གྲབས་ཀྱི་ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་འདང་ངེས་བྱུང་ཡོད། ཞིང་འཕྲུལ་སྲུང་སྐྱོང་དང་ཞིང་འཕྲུལ་ལས་སྒྲུབ་རིམ་བཞིན་སྤེལ་བ། མུའུ་ཁྲི་4.6ཡོད་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་བཅས་རེད།

ཟླ2པའི་ཚེས་25ཉིན་ཁུལ་ཡོངས་ཀྱི་ཕྱུགས་རིགས་དང་བྱ་རིགས་མགོ་གྲངས་ཁྲི་186ཡི་བཙན་ཤེད་རིམས་འགོག་སྨན་ཁབ་ཉོ་སྒྲུབ་དང་སྤྲད་ཟིན་པ་དང་། མིག་སྔའི་བར་ཁུལ་ཡོངས་སུ་གསོ་ཚགས་ར་བའི་དུད་ཚང་361280དང་སྒོ་ཕྱུགས་དང་ཁྱིམ་བྱ་མགོ་གྲངས 2504057གྲལ་བཤེར་བྱས་པ།      སྒོ་ཕྱུགས་དང་ཁྱིམ་བྱའི་དངོས་དཔེ་1138ལ་ལྟ་ཞིབ་ཚད་ལེན་བྱས་ནས་ལོ་ཧྲིལ་པོའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལེགས་སྒྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།