བདེ་ཆེན་ཁུལ་སྲིད་གྲོས་ཀྱིས་ཉེ་ཆར་གྱི་ལས་དོན་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས་20ཉིན་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཏང་རྩ་འཛུགས་ཀྱི་ཚོགས་འདུ་ཐེངས་སོ་གཅིག་པ་དང་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོགས་ནས་འབྲེལ་ཡོད་འཆར་ཟིན་ལ་གྲོས་ཞིབ་དང་ཉེ་ཆར་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

བདེ་ཆེན་ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་མེའོ་ཡིའུ་ཧྥ། ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་དབྱང་ཧྥིན་ཞིས། ཀྲུའུ་ཞི་གཞོན་པ་ཝང་ཡུང་ཁྲེང་དང་། ཀུའོ་ཁྲུང་ཞན། ཧྲི་ཁྲུན་མིང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཧོའུ་ཅི་ལིན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ད་ལོར་ཁུལ་ཡོངས་ཀྱིས་སྲིད་གྲོས་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲོག་ཤིང་དང་། ཞབས་ཞུ་ལྟེ་གནས། དམངས་སེམས་གཅིག་སྒྲིལ། གཅིག་སེམས་གཅིག་བསྟུན། ཐོག་མའི་བསམ་འདུན་བཅས“སེམས་ལྔའི”བརྗོད་དོན་གཙོ་བོ་ར་བཟུང་སྟེ་བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བཟང་པོ་དང་སྤུས་ཚད་མཐོ་བའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་སོགས་ཀྱི་ལས་དོན་ཐད་གྲོས་མོལ་སྲིད་གླེང་བྱེད་དགོས་པར་ནན་བཤད་གནང་བ་རེད། དུས་མཚུངས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་གྲ་སྒྲིག་ཞིབ་ཚགས་བྱེད་པ་དང་། དུས་བབ་གསར་པ་དང་ལས་འགན་གསར་པ་དང་ཟུང་འབྲེལ་བྱས་ཏེ་གྲ་སྒྲིག་ཇུས་གཞི་སྔར་བས་འཐུས་ཚང་དང་ཞིབ་ཚགས་སུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་ལས་དོན་ཁག་བཟང་པོ་སྒྲུབ་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།