ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་གྱིས་རིམས་ནད་སྔོན་འགོག་དང་དབུལ་ཐར་མཁྲེགས་གཏོར་ལས་དོན་མཉམ་དུ་བཟུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 སེམས་ཀྱི་ཉི་ཟླའི་འོ་མའི་ལས་རིགས་ཀུང་སིའི་བཟོ་པ་ཞིག་གིས་ལས་ཀ་བྱེད་བཞིན་པ།

༢.jpg

ཆེད་མཁས་མི་སྣས་སྡེ་མི་ལ་འདེབས་འཛུགས་ལག་རྩལ་ཁྲིད་བཞིན་པའི་ཚུལ། 

༣.jpg

གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་སུ་ལས་དོན་མི་སྣས་ལས་ཀ་བྱེད་བཞིན་པའི་ཚུལ།

༤.jpg

སེམས་ཀྱི་ཉི་ཟླ་གནམ་ཐང་དུ་འགྲུལ་པ་ཞིག་གིས《མི་སྒེར་གྱི་བདེ་ཐང་རེ་ཞུའི་རེའུ་མིག》སྐོང་བཞིན་པ།

༥.jpg

སེམས་ཀྱི་ཉི་ཟླ་གནམ་ཐང་དུ་ལས་དོན་མི་སྣས་གནམ་ཐང་འབབ་ཚུགས་སུ་དུག་སེལ་བཞིན་པའི་ཚུལ།

༦.jpg

 གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་སུ་ལས་དོན་མི་སྣས་བྱ་ཕོ་ལ་རྒྱ་མ་ཚད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང“ཆུས་གསུམ་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། པྲོག་གསར་གློ་ཚད་རིམས་ནད་བྱུང་ཚུན་ས་གནས་དེས་སྤྱི་པའི་གནས་ཡུལ་དུ་འགྲོ་འོང་བྱེད་པ་ལ་ཨང་བཤེར་དང་། སྤྱི་པའི་ས་ཁོངས་སུ་དུས་གཏན་གྱི་དུག་སེལ་པ། ལས་གཉེར་མི་སྣའི་ལུས་པོའི་བདེ་ཐང་བརྟག་དཔྱད་སོགས་ཀྱི་ཐབས་སྤྱད་དེ་ཧུར་ཐག་སྒོས་རིམས་ནད་ལ་འགོག་རྒོལ་བྱས་པ་དང་། ཆབས་ཅིག་ཏུ་དབུལ་ཐར་མཁྲེགས་གཏོར“ཉིན་བརྒྱའི་མཁྲེགས་གཏོར་ལས་རྒྱལ་ཁ་ཐོབ”པའི་བྱ་སྤྱོད་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལས་རྒྱལ་ཁ་མཐའ་གཅིག་ཏུ་བླངས།  མིག་སྔར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་ཡོངས་ནས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།