ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བོད་ཁུལ་ལ་མ་དངུལ་དུང་ཕྱུར35བཏང་ནས་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2020ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར35བཏང་ནས་སྟག་མཆོང་འགག་ནས་སེམས་ཀྱི་ཉི་ཟླ་དང་། སེམས་ཀྱི་ཉི་ཟླ་ནས་རྫོང་གྲོང་། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་སོགས་ཀྱི་གཞུང་ལམ6འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་དྲ་བ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐུག་མངོན་འགྱུར་བྱ་རྒྱུ་རེད།

  བདེ་ཆེན་ཁུལ་ནི་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་དང་འཕྲེད་བཅད་རི་རྒྱུད། འཛམ་གླིང་གི་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་རྒྱུག”གི་ལྟེ་བའི“ཁུལ་དུ་གནས་ཡོད་ལ། རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ10ཡི་གྲས་ཤིག་ཡིན།

གཞུང་ལམ6གི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཡོང་ཆེད། བདེ་ཆེན་ཁུལ་གྱིས“རྣམ་གྲངས་གཅིག་ལ་ཡར་ཞུ་གཅིག་དང་ཇུས་གཞི་གཉིས”དང“ཁས་ལེན་ཡི་གེ་གཉིས་དང་རེའུ་མིག་གཉིས”ཀྱི་རེ་འདུན་བཞིན་ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་ས་ཚིགས་ཀྱི་ལས་བྱེད་མི་སྣ་ལས་འགོ་བསྐྱར་འཛུགས་ནང་ཞུགས་སུ་བཅུག་སྟེ། གཞུང་ལམ་འཛུགས་སྐྲུན་སྒྲིག་ལམ་རིམ་བཞིན་རྒྱུན་ལྡན་དུ་འགྱུར་བར་སྐུལ་འདེད་བྱས།

 དེ་དང་ཆབས་ཅིག་ཏུ་ཚན་རིག་དང་མཐུན་པའི་རིགས་དབྱེ་ཇུས་འདོན་ངང་རྣམ་གྲངས་ཁག་གི་ཟམ་པ་དང་ཕུག་ལམ་སོགས་ཚོད་འཛིན་རང་བཞིན་གྱི་ལས་གཞི་བདེ་བླག་ངང་ལས་འགོ་འཛུགས་རྒྱུར་སྔོན་ལ་འགན་ལེན་བྱས་ནས་སྤུས་ཚད་དང་བདེ་འཇགས་འགན་ལེན་ཆ་རྐྱེན་འོག་ལས་ཡུན་དམ་འཛིན་ཡག་པོ་དང་། ཕྱོགས་ཡོངས་ནས་ལས་གཞིའི་སྤུས་ཚད་ཇེ་ལེགས་སུ་བཏང་ནས་གཞུང་ལམ6པོ་དེ་སྤུས་ལེགས་ལས་གཞི་དང་། བདེ་འཇགས་བཟོ་འགོད། ལྗང་མདོག་བཟོ་འགོད། སྲིད་གཙང་བཟོ་འགོད་བཅས་སུ་བསྐྲུན་རྒྱུར་བརྩོན་ལེན་བྱས། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།