ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་སྨན་བཅོས་རུ་ཁག་གི་མི205ཕྱིར་ཡུན་ནན་དུ་ལོག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

138892302_15845363295561n_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཡུང་ལིན་རི་བོར་མེ་ཏོག་བཞད། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ། ཟླ3ཚེས18ཉིན་གྱི་ཕྱི་དྲོར། ཡུན་ནན་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་དུ་ཕྱིན་པའི་སྨན་བཅོས་རུ་ཁག་རུ་མི་སྐོར་དང་པོ་རྣམས205MU7887དངMU7886གནམ་གྲུ་ལ་བསྡད་ནས་ཕྱིར་ཁུང་མིང་དུ་ལོག་པ་རེད།

138892302_15845363295891n_副本.jpg

རྒྱུས་ལོན་པ་ལྟར་ན། ད་ཐེངས་ཕྱིར་ལོག་པ་ནི་ཡུན་ནན་ཞིང་ཆེན་གྱི་རུ་ཁག་གཉིས་པ་དང་བཞི་པའི་ཧུའུ་པེར་རོགས་སྐྱོར་དུ་ཕྱིན་པའི་སྨན་བཅོས་རུ་ཁག་གི་མི102དང་དེ་བཞིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ནད་པ་ལྕི་མོའི་མཛུབ་ཁྲིད་ཆེད་མཁས་པའི་ཚན་ཆུང་གི་ཀྲུང་ལུགས་གསོ་རིག་ཆེད་མཁས་པ1བཅས་ཡིན་པ་རེད། གནམ་གྲུ་འབབ་ཐང་དུ་དགའ་བསུའི་མཛད་སྒོ་ཐུང་ངུ་མཇུག་སྒྲིལ་རྗེས་སྨན་བཅོས་རུ་ཁག་གི་རུ་མི་ཚང་མ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་སུ་བསྡད་དེ་མགྲོན་ཁང་དུ་གཅིག་སྡུད་ཀྱིས་ལོགས་བཀར་བྱས་པ་རེད། །

138892302_15845363296891n_副本.jpg

138892302_15845363297881n_副本.jpg 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།