ཀྲུང་གོ་བོད་ཀྱི་དྲ་བ།

དེ་རིང་ནས་བཟུང་བདེ་ཆེན་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཞིག་སྒོ་ཕྱེ་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2020-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དེ་རིང་ནས་བཟུང་།  བདེ་ཆེན་ཁུལ་གྱིས་ཁུལ་དབྱེ་དང་རིམ་པ་བགར་ནས་སེམས་ཀྱི་ཉི་ཟླ་སྟག་མཆོང་གྲོག་རོང་ལྗོངས་ཁུལ་དང་།  ཆུ་དཀར་ཆུ་ནག་ལྗོངས་ཁུལ།  ཁ་བ་དཀར་པོའི་ལྗོངས་ཁུལ།  ཏན་སྤྲེའུ་གསེར་ལྗོངས་ཁུལ།  འབའ་ལྷག་དཀར་རྫོང་ལྗོངས་ཁུལ།  ཤྭ་ཁ་རི་བོའི་ལྗོངས་ཁུལ།  རྡོ་མཁར་རྫོང་སོགས་ཡུལ་སྐོར་ལྗོངས་ཁུལ་སླར་གསོ་བྱ་རྒྱུ་ཡིན་པ་དང་།  ལྗོངས་ཁུལ་གཞན་དག་སྟེ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་།  སུམ་རྩེན་གླིང་ལྗོངས་ཁུལ།རིག་གནས་བཤམས་སྟོན་ཁང་གི་ནང་རོལ་ལྗོངས་ཁུལ་སོགས་རིམས་ནད་གནས་ཚུལ་ལ་གཞིགས་ནས་དུས་བསྟུན་སྒོ་འབྱེད་སླར་གསོ་བྱེད་རྒྱུ་རེད།

1.jpg

 དགའ་ལྡན་སུམ་རྩེན་གླིང་།

2.jpg

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

3.jpg

ཆུ་དཀར་ཆུ་ནག

4.jpg

ཏན་སྤྲེའུ་སྤུ་སེར་ལྗོངས་ཁུལ།

5.jpg

སྟག་མཆོང་གྲོག་རོང་།

6.jpg

ཁ་བ་དཀར་པོ།

7.jpg

ཤྭ་ཁ་རི་བོ།

དུས་མཚུངས་སུ།  བདེ་ཆེན་ཁུལ་གྱིས་མཛེས་ལྗོངས་ཁུལ་སླར་གསོ་དང་སྒོ་དབྱེའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  མཛེས་ལྗོངས་ཁུལ་སྒོ་དབྱེའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་སྒོ་དབྱེའི་ཆ་རྐྱེན་ལ་འགག་སྒོ་ནན་པོ་སྲུང་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།