​བདེ་ཆེན་གྱི་སྨན་རི་གངས་རི་སོགས་ལྗོངས་ཁུལ་གྱིས་ལས་གཉེར་སླར་གསོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ3པའི་ཚེས16ཉིན་ནས་བཟུང་བདེ་ཆེན་ཁུལ་གྱི་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དང་། ཤྭ་ཁ་གངས་རིའི་ལྗོངས་ཁུལ། སྟག་མཆོང་འགག་ལྗོངས་ཁུལ། ཆུ་དཀར་སྒང་ལྗོངས་ཁུལ། སྨན་རི་གངས་རིའི་ལྗོངས་ཁུལ། ཡུན་ནན་གྱི་སྤྲེའུ་སྤུ་སེར་ལྗོངས་ཁུལ་སོགས་ལས་གཉེར་སླར་གསོ་བྱས་ཡོད་པ་རེད།

1.jpg

སྨན་རི་གངས་རི། 

1.jpg

འབའ་ལྷག་དཀར་རྫོང་། 

 འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དེ་སེམས་ཀྱི་ཉི་ཟླའི་ནུབ་བྱང་རྒྱུད་ཀྱི་ཉི་ནུབ་ཤང་ཁོངས་སུ་གནས་པ་དང་། དེ་ནི་སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་ལྗོངས་ཁུལ་གྱི་ཕྱོགས་བསྡུས་སྒྲིག་གཞི་ཞིག་ཡིན་པས“སེམས་ཀྱི་ཉི་ཟླའི་འབྲི་ཆུའི་ལྷོ་རྒྱུད་ཆུང་ཆུང”ཞེས་པའི་མཚན་སྙན་ལྡན། 《ཡལ་ཟིན་པའི་སའི་སྙོམས་ཐིག》ཅེས་པའི་དཔེ་ཆ་ནང་དུ་བཀོད་པ་བཞིན་གནས་དེ་རུ་གསེར་གྱི་མཆོད་རྟེན་ལྟ་བུའི་གངས་རི་དང་། ལྷིང་འཇགས་ཀྱི་གྲོང་ཚོ། འབྱོར་ཕྱུག་ལྡན་པའི་འབྲོག་ས་བཅས་ཡོད་པ་མ་ཟད། གྲོག་རོང་དང་། ནགས་ཚལ། མཚེའུ་སོགས་རང་བྱུང་མཛེས་ལྗོངས་ཀྱང་ཡོད།

1.jpg

ཤྭ་ཁ་གངས་རི། 

 ཤྭ་ཁ་གངས་རིའི་ལྗོངས་ཁུལ་ནི་བདེ་ཆེན་མངའ་ཁོངས་སུ་སེམས་ཀྱི་ཉི་ཟླ་གནམ་ཐང་དང་ཆེས་ཐག་ཉེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཡིན་ལ། མིག་སྔར་བདེ་ཆེན་གྱི་འབྲེང་འཁོར་གྱི་ལྟ་སྐོར་ཆ་རྐྱེན་འཛོམས་པའི་ལངས་གཟུགས་རང་བཞིན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་གཅིག་པུ་ཀྱང་ཡིན།

  ལྗོངས་ཁུལ་གྱི་རང་བྱུང་སྐྱེ་ཁམས་ལྗོངས་རྒྱུ་ཡུལ་སྐོར་ཐོན་ཁུངས་ལ་ས་གཤིས་ས་དབྱིབས་ཀྱི་མཛེས་ལྗོངས་དང་། གངས་རི།  མཚེའུ། ནགས་ཚལ། སྤང་ལྗོངས་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་དང་། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་། སྤྱན་གཟིགས་རྩི་ཤིང་བཅས་ཡོད་པ་རེད།

1.jpg

སྟག་མཆོང་འགག

1.jpg

ཆུ་དཀར་སྒང་། 

1.jpg

 ཡུན་ནན་གྱི་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།