ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་སོ་སོས་ལས་ཀ་སླར་གསོ་བྱ་བར་གྲ་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས28ཉིན་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས《བདེ་ཆེན་ཁུལ་གྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་ཡུལ་སྐོར་ལྗོངས་ཁུལ་དང་། སྐར་རིམ་མགྲོན་ཁང་། ཁྱད་ལྡན་ཡུལ་མིའི་མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་། རིག་གནས་ཡུལ་སྐོར་འཁྲབ་སྟོན་ཁེ་ལས་བཅས་ཀྱི་སྒོ་འབྱེད་པའི་ལས་དོན་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་པ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་གནས་སྐབས་སྒོ་བརྒྱབ་པའི་ལྗོངས་ཁུལ་གྱི་སྒོ་སླར་འབྱེད་རྒྱུར་ཁ་ཕྱོགས་བསྟན་པ་མ་ཟད། ལྗོངས་ཁུལ་གྱིས་ཡུལ་སྐོར་པས་དྲ་ཐོག་ནས་སྤ་སེ་ཉོ་བ་དང་། ཉིན་རེར་སྣེ་ལེན་བྱེད་ཚད་ཉིན་རེའི་ཐེག་ཚད་ཀྱི50%ལས་མི་བརྒལ་བ། ལས་མིའི་བདེ་ཐང་ཡིག་ཚགས་བཟོ་བ། ལྗོངས་ཁུལ་དུ་གནས་སྐབས་ལོགས་བཀར་ས་ཚིགས་འཛུགས་པ་སོགས་བྱས་ཏེ་ལྗོངས་ཁུལ་གྱི་བདེ་འཇགས་དང་སླར་གསོའི་སྣེ་ལེན་ལས་དོན་ཡག་པོ་སྒྲུབ་དགོས་པའི་གྲོས་འགོ་བཏོན།

 ཟླ2བའི་ཚེས29ཉིན་གྱི་ཕྱི་དྲོར་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ། ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགན་འཁུར་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་བདེ་ཐང་ཤེས་བྱའི་ཚན་རིག་ཁྱབ་གདལ་འཆད་ཁྲིད་གནང་བར་ཕེབས་ནས།  རིམས་འགོག་ཆེད་མཁས་མི་སྣས་ལྗོངས་ཁུལ་གྱི་ལས་མི30ལ་ཏོག་གསར་གློ་ཚད་ཀྱི་མཚན་ཉིད་དང་། ནད་རྟགས། སྨན་བཅོས་ཀྱི་དོ་སྣང་བྱ་ཡུལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན། དེ་བཞིན་སྔོན་འགོག་ཅི་ལྟར་བྱེད་དགོས་པ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་གསལ་བོ་གནང་།

མིག་སྔར་བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་མང་པོས་ལས་ཀ་སླར་གསོ་བྱེད་པའི་གྲ་སྒྲིག་བྱས་ཡོད་དེ། རིམས་ནད་སེལ་ནས་དཔྱིད་ཀ་སླེབས་དུས་ལྗོངས་ཁུལ་སོ་སོས་ཞབས་ཞུ་སྔར་བས་ལེགས་པོའི་སྒོ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་བསུ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།