ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་གྱིས་ལས་གནས་གཏན་འཇགས་ཁ་གསབ་དངུལ་སྒོར་ཁྲི56སྤྲད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2བའི་ཚེས28ཉིན་གྱི་ཕྱི་དྲོར་བདེ་ཆེན་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བདེ་ཆེན་ཁུལ་རིམ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་གྱི་ལས་གནས་གཏན་འཇགས་ཁ་གསབ་དངུལ་སྤྲོད་པའི་མཛད་སྒོ་སྤེལ་ནས། ཁེ་ལས8ལ་ལས་ཤོར་འགན་བཅོལ་གྱི་ལས་གནས་གཏན་འཇགས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི56སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་ཞུགས་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཐབས་བརྒྱ་ཇུས་སྟོང་སྒོས་ལས་ཞུགས་བརྟན་པོ་དང་། འཕར་སྣོན་འགན་ལེན། དམངས་འཚོ་འགན་ལེན་བཅས་བྱས་ཤིང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན་བྱས་ཏེ་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་དང་། ཁེ་ལས་ལ་ཡིད་ཆེས་བརྟན་པོ་དང་རིམས་ནད་ལས་རྣམ་པར་རྒྱལ་བ། ལས་ཞུགས་དུས་བབ་བརྟན་པོ་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས།

རྗེས་མར་ཁེ་ལས་ཀྱིས་ལས་མི་སྤྱོད་རྒྱུར་འགན་ལེན་དང་ཁེ་ལས་ཀྱིས་གསོ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། རྒྱ་ཆེའི་ཁེ་ལས་ཀྱིས་མྱུར་དུ་མི་སྤྱི་ཁེ་གསུམ་ལ་ཕན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལོངས་སྤྱོད་ཐུབ་པའི་ཆེད། རང་ཁུལ་མི་སྤྱི་ལས་ཁུངས་ཀྱིས་ཞབས་ཞུ་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་ཁེ་ལས་ནང་ཞུགས་ཏེ་ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས་དང་། ལས་ཤོར་འགན་བཅོལ་ལས་གནས་གཏན་འཇགས་དང་ཕྱིར་སློག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁུལ་ཡོངས་ཀྱི་ལས་ཞུགས་བརྟན་པོ་དང་། བོད་རིགས་ས་ཁུལ་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།